དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་བྱེད་དགོས།

སྤེལ་དུས 2021-02-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།
           ང་ཚོ་གང་ནས་ཡོང་བ་དང་གང་དུ་འགྲོ་དགོས་པ་གསལ་པོ་ཤེས་ཚེ། གཞི་ནས་གནད་དོན་མང་པོ་ཞིག་གསལ་པོར་རྟོགས་པ་དང་སྟངས་འཛིན་ཡང་དག་བྱེད་ཐུབ།
           ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ཀྱི་བློ་མཐུན་ཚོར་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་ཆེར་གཏོང་། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་བྱེད་པ་དང་ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ། དཔའ་ངར་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཧུར་ཐག་གཏོད་དགོས་པ་དང་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་གཙོ་གནད་འབུར་དུ་ཐོན་པ་དང་། བླང་བྱ་ཁ་གསལ་བ། དངོས་ཕན་དོན་གཉེར་བཅས་བྱས་ནས་ཏང་གི་ལོ་བརྒྱའི་རླབས་ཆེན་གྱི་འབད་འཐབ་ལོ་རྒྱུས་འཕེལ་རིམ་ཁྲོད་ནས་མུ་མཐུད་མདུན་སྐྱོད་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་དགོས།
           གནས་ལུགས་ཆེན་པོ་རྟོགས་འདོད་ན་སྔོན་ལ་ལོ་རྒྱུས་སྦྱོང་དགོས། ཏང་གི་ལོ་རྒྱུས་སྦྱོང་བར་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་དུས་བབ་ཆེན་པོ་སྔར་བས་ཁོང་དུ་ཆུད་པ་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་འགུལ་ཐོག་མཐའ་བར་གསུམ་དུ་ཁོང་དུ་ཆུད་པ་བྱེད་དགོས། ལོ་རྒྱུས་ཀྱི་འཕེལ་རྒྱས་ལ་སོ་སོའི་ཆོས་ཉིད་རེ་ཡོད། འོན་ཀྱང་དེའི་ཁྲོད་དུ་མི་རྣམས་ནི་སྒྱིད་ལུག་གཞན་སྐུལ་གཏན་ནས་མ་རེད། ལོ་བརྒྱའི་རིང་གི་འབད་འཐབ་ཁྲོད་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པར་བརྟེན་ནས་ལོ་རྒྱུས་ཀྱི་དུས་བབ་ཆེན་པོར་དབྱེ་ཞིབ་དང་ཁོང་དུ་ཆུད་པར་བྱས་ཏེ། ཀྲུང་གོ་དང་འཛམ་གླིང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་པ་དང་ལོ་རྒྱུས་ཀྱི་གོ་སྐབས་སྣ་ཚོགས་དམ་འཛིན་མཁས་པོ་དང་བེད་སྤྱོད་ཡག་པོ་བྱས་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་ཏང་ཡོངས་ལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་བ་བློ་ལ་བཅངས་ཏེ་ལོ་རྒྱུས་ཆེན་པོའི་ལྟ་བ་འཛུགས་ཁར། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དང་། དུས་རབས་ཀྱི་རླབས་རྒྱུན་ཆེན་པོ། གོ་ལ་ཧྲིལ་པོའི་འཕོ་འགྱུར་བཅས་ཀྱི་ཁྲོད་ནས་རིམ་འགྱུར་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་ལོ་རྒྱུས་ཀྱི་ཆོས་ཉིད་རྩད་ཞིབ་བྱས་ཏེ་ཁ་གཏད་གཅོག་པའི་འཐབ་ཇུས་འདོན་དགོས་པ་དང་། ལས་ཀའི་ཕྱོགས་བསྡུས་རང་བཞིན་དང་། སྔོན་མཐོང་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་གཏོང་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་དགོས།
           མཛུབ་ཁྲིད་ཀྱི་དགོངས་པ་ནི་སྲིད་ཏང་ཞིག་གི་སྙིང་སྟོབས་དང་དར་ཆ་ཡིན། དགོངས་དོན་རྟོགས་པར་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་རྟོགས་པ་བྱས་ཏེ། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་རྒྱུན་སྲིང་ལྷོད་མེད་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རང་རེའི་ཏང་གི་ལོ་རྒྱུས་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བའི་ལོ་རྒྱུས་ཤིག་ཡིན་ལ། རིགས་པའི་གཞུང་ལུགས་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་རིགས་པའི་གཞུང་ལུགས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པའི་ལོ་རྒྱུས་ཤིག་ཀྱང་ཡིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་ཏང་ཡོངས་ལ་ཏང་གི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཁྲོད་ནས་མར་ཁེ་སི་རིང་ལུགས་ནི་ཇི་ལྟར་བྱས་ནས་ཀྲུང་གོ་དང་འཛམ་གླིང་ལ་འགྱུར་ལྡོག་གཏིང་ཟབ་བྱུང་མིན་ལ་གོ་བ་ལོན་པར་བྱེད་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་འཕེལ་རིམ་དང་ཟུང་འབྲེལ་གྱིས། དུས་རབས་གསར་པའི་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན་ལ་ཤེས་རྟོགས་གཏིང་ཟབ་དང་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ། དེའི་ནང་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་བའི་བྱ་ཐབས་གོ་རིམ་ལྡན་པའི་ངང་ཁོང་དུ་ཆུད་པ། ཏང་ཡོངས་ཀྱི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་། ཏང་གི་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་འགན་ལེན་བྱེད་པ་ནི་ཏང་གི་ཚེ་སྲོག་ཡིན་ལ། རང་རེའི་ཏང་འདི་ཉིད་ལོ་བརྒྱའི་ཏང་ཆེན་པོར་གྱུར་པ་དང་དུས་རབས་ཀྱི་རླབས་ཆེན་བྱ་གཞག་བཏོད་པའི་འགག་རྩ་ཞིག་ཀྱང་ཡིན། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་ལ་མིག་བལྟོས་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
           “རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན” བྱ་བ་དངོས་སྒྲུབ་པར་ཏང་གི་ངོ་བ་དང་དམིགས་ཡུལ་ལ་ངོས་འཛིན་སྔར་བས་ཟབ་ཏུ་བཏང་ནས་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་སྲིད་ཏང་གི་མངོན་གསལ་དོད་པའི་རང་མདངས་རྒྱུན་འཁྱོངས་བྱེད་དགོས། རང་རེའི་ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་ཏང་གིས་ཐོག་མའི་བསམ་འདུན་དང་ལས་འགན་ལེགས་པར་བསྒྲུབས་པའི་ལོ་རྒྱུས་ཤིག་དང་། ཏང་གིས་མི་དམངས་དང་གཅིག་སེམས་གཅིག་གཏད་དང་། དབུགས་ལམ་གཅིག་གྱུར། བདེ་སྡུག་མཉམ་མྱོང་བཅས་བྱས་པའི་ལོ་རྒྱུས་ཤིག་ཡིན། ཀྲུང་གོ་གུང་ཁྲན་ཏང་མི་མི་རབས་མང་པོས་ཞུམ་མེད་སྟོབས་བརྩོན་དང་འབད་འཐབ་ལྷོད་མེད་བྱས་པས་རླབས་ཆེན་གྱི་སྙིང་སྟོབས་རབ་དང་རིམ་པ་གྲུབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་མ་ལག་ཅིག་ཆགས་ནས་ང་ཚོས་ཏང་འཛུགས་པ་དང་། ཏང་དར་རྒྱས་གཏོང་བ། ཏང་སྟོབས་ཆེར་གཏོང་བ་བཅས་ལ་ས་རྒྱུ་གཤིན་པོ་མཁོ་འདོན་བྱས་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་ཏང་ཡོངས་ལ་མི་དམངས་ཐོག་མཐའ་བར་གསུམ་དུ་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་འབད་འཐབ་དམིགས་ཚད་དུ་བརྩིས་ནས་ནུས་ཤུགས་ཡོད་རྒུས་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ་དང་། གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་རྩ་བ་མུ་མཐུད་འཛིན་པ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་དང་དུས་རབས་གསར་པར་ཞུམ་མེད་མདུན་སྐྱོད་ཀྱི་ནུས་ཤུགས་དང་སེམས་ཤུགས་འཕེལ་བ། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཡོངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ཐོབ་རྒྱུར་སྐུལ་འདེད་གཏོང་བ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་བཏང་ནས་དངོས་ཡོད་རང་བཞིན་གྱི་འཕེལ་རྒྱས་དེ་བས་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ཏེ། ཀྲུང་གོའི་མི་དམངས་དུང་ཕྱུར་14ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཞིག་ཏུ་འགྱུར་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས།
           ཧྲི་ཁུའུ་སྒོ་མོ་ནས་གནམ་བདེ་སྒོ་མོའི་བར་དང་། ལས་དར་ལམ་ནས་བསྐྱར་དར་ལམ་བར། རང་རེའི་ཏང་གིས་ཀྲུང་ཧྭ་མི་རིགས་མི་རབས་ནས་མི་རབས་བར་རླབས་ཆེན་བྱ་གཞག་གཏོད་པའི་སེམས་ཐག་བཅད་ཡོད། ལོ་བརྒྱ་ནི་ཏག་ཏག་བསམ་རྒྱ་ཆེ་ཞིང་བློ་རིག་རྒྱས་པའི་དུས་ཡིན། འགོ་འཛུགས་ས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་གཞི་ཚུགས་ཏེ། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གིས་ཕྲག་ཏུ་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་དང་ཀྲུང་གོའི་འཕེལ་རྒྱས་ལོ་རྒྱུས་ཀྱི་ཁ་ཕྱོགས་སྟངས་འཛིན་བྱེད་པར་ང་ཚོས་བསྐྱོད་ཟིན་པའི་ལམ་བུར་ཕྱིར་དྲན་ནན་ཏན་བྱེད་པ་དང་། བསྐྱོད་ཟིན་པའི་ལམ་བུ་མ་བརྗེད་པ་བྱེད་པ། མདུན་སྐྱོད་ཀྱི་ལམ་བུའི་ཐོག་མུ་མཐུད་ཡག་པོ་སྐྱོད་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལེའུ་གསར་པ་རྩོམ་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།