དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

མེ་གསོད་དཔའ་བོར་གུས་འདུད་ཞུ། འབད་འབུངས་སྟོབས་ཤུགས་བསྡུ་སྒྲིལ་བྱེད།

སྤེལ་དུས 2021-02-25 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
           བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་གསར་པ་འབྱེད་པ་དང་དེ་བས་འབད་འབུངས་ཆེར་སྐྱེད་ཀྱི་ཉམས་འགྱུར་ལ་བརྟེན་ནས། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་དགའ་སྤྲོའི་བསུ་བ་ཞུ་བའི་སྐབས་འདིར། ཟླ་2ཚེས་7ཉིན་རང་སྐྱོང་ལྗོངས་ཀྱི་འཕྲལ་སྡོམ་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་གཟེངས་བསྟོད་ཚོགས་ཆེན་འཚོགས་ཏེ། ཉིང་ཁྲིའི“4·14”ཡི་ནགས་ཚལ་མེ་སྐྱོན་གྱི་མེ་གསོད་སྲོག་སྐྱོབ་བྱེད་རིང་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་སྔོན་ཐོན་མཉམ་སྡེབ་དང་བྱས་རྗེས་འཇོག་མཁན་ལ་གཟེངས་བསྟོད་བྱས་པ་རེད། ང་ཚོས་གཟེངས་བསྟོད་ཐོབ་པའི་བྱས་རྗེས་འཇོག་མཁན་ཚན་པ་དང་མི་སྒེར་དང་། སྔོན་ཐོན་མཉམ་སྡེབ་དང་མི་སྒེར་བཅས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུ། ཐེངས་དེའི་དམག་འཐབ་ལ་ཞུགས་མཁན་མེ་ཟོན་བཀོད་འཐབ་པ་དང་། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔོན་དམག ཆེད་ལས་མེ་གསོད་རུ་མི། དེ་བཞིན་རིམ་ཁག་སྡེ་ཚན་དང་ཚན་པའི་མི་སྣ་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།
           ན་ནིང་ཟླ་4ཚེས་14ཉིན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་གནས་གཞི་གྲོང་ཚོར་གློ་བུར་དུ་ནགས་ཚལ་མེ་སྐྱོན་ཐོན་ནས་མཐའ་སྐོར་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་དང་གཙོ་གནད་ཁུལ་གྱི་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་ཕྲད། མེ་སྐྱོན་ཐོན་རྗེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་དང་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། མདུན་ཕྱོགས་སུ་བཀོད་འདོམས་དང་སྤྱི་འདོམས་མཐུན་སྦྱོར་གྱིས་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དང་། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག དེ་བཞིན་བོད་དམག་ཁུལ་ཁང་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག དྲིལ་བསྒྲགས། འཕྲལ་སྡོམ། སྤྱི་བདེ། ནགས་ཚལ་དང་རྩྭ་ཐང་། འགྲིམ་འགྲུལ། འཕྲོད་བསྟེན། དཔལ་འབྱོར་ཆ་འཕྲིན། དམངས་སྲིད། གནམ་གཤིས། གློག་ཤུགས། གློག་འཕྲིན། སྒུལ་བདེ་སོགས་ཚན་པའི་སྟོབས་ཤུགས་བསྐོངས་ཏེ་མེ་གསོད་སྲོག་སྐྱོབ་ལས་དོན་སྤེལ་བ་རེད། དམག་འཐབ་ལ་ཞུགས་མཁན་མེ་ཟོན་དཔོན་དམག་ཡོངས་ཀྱིས“འཕྲལ་རྒོལ་རུ་ཁག”གི་ནུས་པ་བཏོན་ཏེ་ཁྲག་དྲོན་དང་རྔུལ་ཆུར་བརྟེན་ནས“ཏང་ལ་ལྷག་བསམ་རྣམ་དག་དང་། སྒྲིག་ཁྲིམས་དམ་ནན། སྲོག་ཉེན་ལ་མི་འཛེམ་པ། དམངས་ཆེད་བློ་གཅིག་སེམས་གཅིག་བཅས་བྱེད་པའི”བསླབ་སྟོན་བཀའ་སློབ་ཀྱི་དགོངས་དོན་མཚོན་ཡོད། མི་ཐེངས་ཁྲི་1.1གིས་དུས་ཡུན་ཉིན་5ཡི་རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་མེ་གསོད་སྲོག་སྐྱོབ་ཀྱི་ལས་འགན་ལེགས་སྒྲུབ་བྱས་ཏེ་མི་སྣ་འཆི་རྨས་བྱུང་མེད་པ་དང་། རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་ཕོག་མེད་པ། རྨང་གཞིའི་སྒྲིག་བཀོད་གལ་ཆེན་ལ་གཏོར་སྐྱོན་ཐེབས་མེད་པ་བཅས་ཀྱི་ངོ་མཚར་བཏོད་དེ། རྒྱལ་ཁབ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བ་དང་དཔའ་བོའི་ཚོགས་སྤྱི་དང་སྔོན་ཐོན་དཔེ་མཚོན་ཁག་གཅིག་ཐོན་ཡོད།
           དེ་རིང་ང་ཚོས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་ལང་སྐབས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མདུན་ལམ་ལ་འོད་ཟེར་དཔག་མེད་འཕྲོ་བཞིན་ཡོད། མདུན་སྐྱོད་ཀྱི་ལམ་དུ་ང་ཚོའི་དམིགས་ཚད་མངོན་འགྱུར་བྱེད་པར་དཔའ་བོ་དགོས་པ་དང་གསར་བརྗེའི་དཔའ་བོའི་རིང་ལུགས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ཀྱི་ཡོད། དཀའ་ངལ་དང་ཚོད་བགམ་སྣ་ཚོགས་ཀྱི་མདུན་དུ་ང་ཚོས་ཉིང་ཁྲིའི“4·14”ཡི་ནགས་ཚལ་མེ་སྐྱོན་གྱི་མེ་གསོད་སྲོག་སྐྱོབ་བྱེད་མཁན་དཔའ་བོའི་ཚོགས་སྤྱི་ལྟར་དཔའ་མཛངས་ཞུམ་མེད་དང་འཆི་རྒྱུར་མི་སྐྲག་པ་དང་། འཐབ་རྩོད་བྱེད་ཕོད་ལ་འཐབ་རྩོད་བྱེད་མཁས་པོ་བྱས་ཏེ་མི་དམངས་ཀྱི་ཁེ་ཕན་དང་བོད་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཆེད་མེ་མཚོར་མཆོང་ཕོད་པ་བྱས་ནས། དུས་རབས་གསར་པའི་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ལམ་དུ་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་ཕོད་པ་དང་གདོང་མཆོང་བྱས་ཐོག རྒྱལ་ཁ་གསར་པ་ཟམ་མི་ཆད་པར་བླངས་པ་དང་བྱས་རྗེས་རྡོ་རིང་ཟམ་མི་ཆད་པར་བཙུགས་ཡོད།
           ང་ཚོས་དཔའ་བོ་ཚོའི་དཔའ་མཛངས་རྟུལ་ཕོད་ཀྱི་བྱས་རྗེས་དང་གསར་བརྗེའི་སྙིང་སྟོབས་ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ཏེ་ཁོ་ཚོའི་ལུས་ལས་མངོན་པའི་སྤྱིར་བཏང་མིན་པའི་གཤིས་རྒྱུད་དང་སྙིང་སྟོབས་རླབས་ཆེན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་མི་དམངས་ཀྱི་དཔའ་བོའི་ཁྲིད་སྟོན་དཔེ་སྟོན་ནུས་པ་གང་ལེགས་འདོན་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་སྙིང་སྟོབས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས། ང་ཚོས་དཔའ་བོར་བརྩི་མཐོང་བྱས་ཏེ་དཔའ་བོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་དཔའ་བོ་གཟི་བརྗིད་དུ་བརྩི་བ་དང་མི་ཚང་མས་དཔའ་བོ་བརྩོན་ལེན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་གཏོད་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་སྐུལ་འདེད་ཤུགས་ཆེན་བཏང་ཐོག་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།