ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཀྲེ་ཅང་གི་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས།

གྲུམ་ནད་བཅོས་ནས་ནད་ཅན་ལ་རེ་བ་གསར་པ་སྦྱིན་པ།

སྤེལ་དུས 2023-09-14 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            ཟླ9པའི་ཚེས5ཉིན། ཉིང་པོའོ་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བཅུ་པས་སྣེ་ཁྲིད་དེ་སྒྲིག་འཛུགས་བྱས་ནས་སྤེལ་བའི་འབྲི་རུ་རྫོང་གི་རུས་གྲུམ་ནད་སྨན་བཅོས་རྣམ་གྲངས་སྔོན་དཔག་ལྟར་ལས་འགན་ལེགས་སྒྲུབ་བྱུང་བ་རེད། ཀྲེ་ཅང་གི་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་དང་འབྲི་རུ་རྫོང་མི་དམངས་སྨན་ཁང་གི་ཡུལ་དེ་གའི་སྨན་པའི་མཉམ་ཤུགས་འོག་ཉིན40ཡི་རིང་བརྟག་དཔྱད་དང་། གྲལ་བཤེར། གཤགས་བཅོས་བཅས་བྱས་པ་བརྒྱུད། ལོ34ནས76བར་གྱི་གྲུམ་ནད་ཚབས་ཆེན་ཕོག་པའི་ནད་པ45ལ་པུས་ཚིགས་བརྗེ་བའི་གཤགས་བཅོས་བྱས་ནས་ནད་པར་སླར་ཡང་གོམ་པ་སྤོ་ཐུབ་པའི་རེ་བ་སྦྱིན་པ་རེད།
            འདི་ལོ་ནས་བཟུང་ཉིང་པོའོ་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བཅུ་པས་དུས་འགོའི་བརྟག་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་རུས་གྲུམ་ནད་ཐོན་མང་བའི་གནས་ཚུལ་ལ་དམིགས་ནས་རུས་གྲུམ་ནད་སྨན་བཅོས་རྣམ་གྲངས་སྣེ་ཁྲིད་དེ་འཆར་འགོད་བྱས་པ་དང་འབྲེལ་ལག་ལེན་ཡང་བསྟར་ཡོད། རྣམ་གྲངས་ལག་ལེན་བསྟར་བ་བརྒྱུད་འབྲི་རུ་རྫོང་གི་རུས་གྲུམ་ནད་ཕོག་མཁན་ལ་སླར་ཡང་གོམ་པ་སྤོ་ཐུབ་པའི་རེ་བ་སྦྱིན་པ་རེད།
རྣམ་གྲངས་ལག་ལེན་བསྟར་རྗེས་ཉིང་པོའོ་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བཅུ་པས་སྐད་འཕྲིན་སྤྱི་རྟགས་སུ་ཡོངས་བསྒྲགས་བྱས་པ་དང་། ཉིན་གཉིས་སོང་རྗེས་གྲུམ་ནད་ཕོག་པའི་ནད་པ427བརྟག་དཔྱད་བྱེད་པར་སླེབས་པ་རེད། ཀྲེ་ཅང་གི་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་དང་སྨན་རྩིས་ཁང་གི་རུས་ནད་དང་། གྲུམ་ནད། གསེར་ཁབ་བཅས་ཀྱི་རིགས་གཅིག་མཁས་ཅན་གྱིས་རིགས་དབྱེ་སྨན་བཅོས་བྱས་པ་བརྒྱུད། གཤགས་བཅོས་བྱས་ན་འཚམ་པའི་ནད་པ119ལ་སྔོན་མངགས་དང་། བརྟག་དཔྱད། སྨན་བཅོས་བཅས་བྱས་པ་མ་ཟད། གྲུམ་ནད་ཚབས་ཆེན་ཕོག་པའི་ནད་པ45ལ་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་གཤགས་བཅོས་བྱས་པས་གཤགས་བཅོས་སོགས་ཀྱི་འགྲོ་གྲོན་སྒོར་ཁྲི9ལྷག་ཙམ་རྩ་ཆག་བཏང་ཞིང་། དེའི་ནང་ནད་ཁང་དུ་སྡོད་པ་དང་ནད་སྐྱོང་སོགས་ཀྱི་འགྲོ་གྲོན་ཚུད་མེད་པ་དང་། གཤགས་བཅོས་བྱེད་ཐེངས་རེ་རེའི་སྨན་རིན་ས་གནས་གཞན་དུ་གཤགས་བཅོས་བྱེད་པའི་སྨན་རིན་གྱི་ཕྱེད་ཀ་ཡང་ཟིན་གྱི་མེད། དེས་གྲུམ་ནད་ཕོག་པའི་ནད་པ་གོམ་པ་སྤོ་ཐུབ་པ་དང་ཆབས་ཅིག་ཏང་གི་བོད་སྐྱོར་དང་དམངས་ཕན་སོགས་ཀྱི་སྲིད་ཇུས་ལས་མི་སེར་ལ་སྦྱིན་པའི་ཕན་པ་དེ་བས་ཚོར་ཐུབ་པ་བྱུང་བ་རེད།

རྩོམ་སྒྲིག་པ། དཔལ་གཡང་།