ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གིས་བོད་སྐྱོར་དགེ་རྒན་སྒྲིག་འཛུགས་བྱས་ནས་ལྷུན་གྲུབ་ཞིང་རར་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་པ།

སྤེལ་དུས 2023-11-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             ཏང་གི་སྲོལ་རྒྱུན་བཟང་པོ་སྔར་བས་དར་སྤེལ་གཏོང་བ་དང་། ཏང་ཡོན་གྱི་སློབ་སྦྱོང་སློབ་གསོའི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། བོད་སྐྱོར་དགེ་རྒན་གྱི་འགན་འཁྲི་འཁུར་སེམས་འཕེལ་བ་བཅས་བྱ་ཆེད། ཉེ་ཆར། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་ཏང་ཀྲི་པུའུ་དྲུག་པས་བོད་སྐྱོར་དགེ་རྒན་ཚོ་སྒྲིག་འཛུགས་ཀྱིས་གཟའ་མཇུག་གི་དུས་ཚོད་སྤྱད་དེ་སློབ་གྲྭའི་ཏང་ཡོན་ཡོངས་དང་མཉམ་དུ་ལྷུན་གྲུབ་རྫོང་གི་ཏང་ཡོན་གྱི་ཏང་གཤིས་སློབ་གསོའི་རྟེན་གཞིར(ལྷུན་གྲུབ་ཞིང་ར་པུའུ་ཡི་གནས་རྙིང་པ)བསྐྱོད་དེ། སྤྱིར་བཏང་མིན་པའི་ལོ་ཟླ་བསྐྱར་དྲན་བྱས་ནས་གསར་བརྗེའི་རིག་གནས་དང་གསར་བརྗེའི་སྙིང་སྟོབས་ལ་ཞུན་བརྡར་བྱས་པ་རེད།
             ཞིང་རའི་འཆད་འགྲེལ་པས་འཆད་འགྲེལ་བྱས་པ་བརྒྱུད་ནས། བོད་སྐྱོར་དགེ་རྒན་དང་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་ཏང་ཡོན་ཡོངས་ཀྱིས་སྔ་རྗེས་སུ་ལྷུན་གྲུབ་ཞིང་རའི་རྟེན་གཞིའི་ཁུལ་རྙིང་པའི་གཞུང་དོན་ཁུལ་དང་ཞག་སྡོད་ཁུལ་སོགས་གསར་བརྗེའི་རྗེས་ཤུལ་ལ་ལྟ་སྐོར་བྱས་པ་རེད། ས་ཆ་རེར་སླེབས་རིམ་བཞིན་ཚང་མས་འཆད་འགྲེལ་ལ་ནན་ཏན་ངང་ཉན་པ་དང་། འགྲེམས་པང་ཚང་མར་ཞིབ་པར་བལྟས་ལ། ཞིང་རའི་གཞོན་ནུ་ཤེས་ཡོན་ཅན་དང་ས་གནས་དེ་གའི་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་དང་དཀའ་སྡུག་མཉམ་མྱོང་བྱེད་པའི་ཐོན་སྐྱེད་ངལ་རྩོལ་གྱི་རྣམ་པ་མཐོང་སྐབས། བོད་སྐྱོར་དགེ་རྒན་ཚོར་སེམས་འགུལ་ཆེན་པོ་ཐེབས་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ནང་དོན་ལ་སྔར་བས་གོ་བ་གཏིང་ཟབ་ལེན་ཐུབ་ཡོད། ལྟ་སྐོར་མཇུག་འགྲིལ་རྗེས་སློབ་གྲྭའི་ཏང་ཡོན་ཡོངས་ཀྱིས་ལྷུན་གྲུབ་ཞིང་རའི་ཚོགས་ཁང་མདུན་དུ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་གི་མཛད་སྒོ་འཚོགས་པ་རེད། 

རྩོམ་སྒྲིག་པ། དཔལ་གཡང་།