ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཝང་གོ་ཁྲང་གིས་ལོ་ངོ30རིང་ལ་བརྩེ་བ་དང་རེ་འདུན་བརྒྱུད་སྤྲོད་བྱས་པ།

སྤེལ་དུས 2023-12-22 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
             ཞོགས་པའི་སྐྱ་རེངས་དང་པོར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་སློབ་འབྲིང་དང་པོའི་སློབ་རར་འཕྲོས་དུས། བྱིས་པ་ཚོའི་དཔེ་དེབ་ཀློག་པའི་སྙན་དབྱངས་སློབ་གྲྭ་ཡོངས་ལ་ཁྱབ་པ་དང་།   ཁྲེ་ཙེ་གསུམ་གྱི་སློབ་ཁྲིད་སྟེགས་བུའི་སྟེང་། དུས་ནམ་ཡིན་ཡང་ཆ་རྒྱུས་ཡོད་པའི་གཟུགས་བརྙན་ཞིག་གིས་བྱིས་པ་ཚོར་སློབ་སྦྱོང་བྱ་རྒྱུའི་ཁྲིད་སྟོན་བྱེད་བཞིན་ཡོད་ལ།  ཁོང་ནི་དཔའ་ལུང་རྫོང་སློབ་འབྲིང་དང་པོའི་དགེ་རྒན་ཝང་གོ་ཁྲང་རེད།   
             “སློབ་གསོ་ངོ་མ་ནི་སློབ་མས་མི་གཞན་དང་སྤྱི་ཚོགས།  མི་དམངས་བཅས་ལ་བཅངས་པའི་འགན་འཁྲི་གསོ་སྐྱོང་བྱ་རྒྱུ་དེ་ཡིན།  དགེ་རྒན་གྱི་ལས་གནས་སུ་སླེབས་པ་ནས་བཟུང་ངས་དུང་སེམས་ལ་བརྟེན་ནས་སློབ་མ་ཚང་མར་བློ་ཁ་འབྱེད་པར་སེམས་ཐག་བཅད་པ་ཡིན”ཞེས་བཤད་པ་དང་།   ལོ་ངོ30ཡི་ཡར་སྔོན་དུ་གོང་ཝང་གི་ཁྲང་ཁྲེ་ཙེ་གསུམ་གྱི་འཆད་ཁྲིད་སྟེགས་བུའི་སྟེང་བསྐྱོད་པདང་། དགེ་རྒན་གྱི་ལས་རིགས་དེ་ཁོ་ལ་མཚོན་ན་གཟི་བརྗིད་ཞིག་ཡིན་པ་དང་འགྱོད་པ་སྤུ་ཙམ་ཡང་མེད་པ་རེེད། 
             སློབ་གསོའི་བྱ་གཞག་ལ་བཅངས་པའི་དད་སེམས་དང་དགའ་ཞེན།  བྱས་རྗེས་འཇོག་པ་བཅས་ལ་བརྟེན་ནས། ཝང་གོ་ཁྲང་གིས་ལོ་ངོ་30རིང་ལ་འགྱུར་བ་མེད་པར་སློབ་སྦྱོང་དང་འཚོལ་ཞིབ།  ལག་ལེན་བཅས་བྱས་ཏེ་སེམས་ནུས་ཡོད་རྒུ་ལས་གནས་སྟེང་དུ་འབད་པ་བྱས་ཏེ་སློབ་མ་གསོ་སྐྱོང་བྱས་པ་དང་།  དུང་སེམས་དང་བློ་གྲོས་བརྒྱུད་སྤྲོད་བྱེད་པའི་ཕོ་ཉ་ཞིག་ཏུ་གྱུར་ཡོད་པ་རེད། 
            “དགེ་རྒན་དང་སློབ་མའི་བར་གྱི་འབྲེལ་བ་ནི་སློབ་ཁྲིད་པ་དང་བསྡུ་ལེན་པ་ཙམ་ཡིན་པ་མ་ཟད།  དགེ་རྒན་ནི་སློབ་མའི་སློབ་སྦྱོང་འཚོ་བའི་ཁྲོད་ཀྱི་སྣེ་ཁྲིད་མཁན་ཡིན་པས།  དགེ་རྒན་ལ་སློབ་མར་གནད་དོན་ཐག་གཅོད་དང་ཡང་དག་པའི་ལམ་བུའི་ཐོག་སྣེ་ཁྲིད་པའི་འགན་འཁྲི་ཡོད”ཅེས་ཝང་གོ་ཁྲང་གིས་དེ་ལྟར་བཤད། ཁོས་སློབ་ཁྲིད་ཐད་བྱེད་སྒོ་གཞི་རྟེན་དུ་བྱེད་པ་དང་།  གྲངས་གཞི་ཅན་གྱི་རྣམ་པའི་ཐོག་ནས་རྩིས་རིག་ཤེས་བྱ་དང་། གསར་གཏོད་ཀྱི་འདུ་ཤེས་སོགས་ཕན་འབྲས་ཡོད་པའི་སྒོ་ནས་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཐུན་མོང་རིང་ལུགས་ཀྱི་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཉིས་བྱེད་སྒོ་ཁྲོད་དུ་བཞག་ནས། སློབ་མ་ཚོ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་གསོ་སྐྱོང་བྱས་པ་དང་། སློབ་མའི་མི་ཚེ་གང་བོའི་སློབ་སྦྱོང་དང་འཕེལ་རྒྱས་ལ་རྨང་གཞི་བཟང་པོ་ཞིག་བཏིང་ཡོད་པ་རེད། 
             སློབ་གསོ་བྱ་གཞག་སྟེང་ལོ་ངོ30རིང་ལ་འབད་བྱས་པ་དང་། ཝང་གོ་ཁྲང་གིས་ཆེས་ལེགས་པའི་ལང་ཚོ་འཆད་ཁྲིད་སྟེགས་བུར་ཕུལ་པ་དང་། སློབ་གསོའི་ཐོག་མའི་བསམ་འདུན་བརྟན་པོར་བཅངས་ཏེ། བྱིས་པ་ཚོར་འཚར་ལོངས་བྱུང་བའི་རྨང་རྡོ་བཙུགས་པ་དང་གྲུབ་འབྲས་གཡར་ཏུ་ཟ་བ་བླངས།   སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས“ཕུལ་བྱུང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ”དང“ཕུལ་བྱུང་ཆེད་མཁས་པ”དང“ཕུལ་བྱུང་དགེ་རྒན་བཅུའི”བཅས་ཀྱི་མཚན་སྙན་ཐོབ་པ་དང་།  2017ལོའི་རྒྱལ་ཁབ་ཆེན་པོའི་དགེ་རྒན་བཟང་པོའི”ཕུལ་བྱུང་བྱུང་རྗེས་བྱ་དགའ་དང་།  སྐབས་དང་པོའི་ཀྲུང་གོའི“དགེ་རྒན་བཟང་པོ”བཅས་ཐོབ་པ་རེད།  2019ལོར་ཁོང་ལ“མཚོ་སྔོན་ཞིང་ཆེན་གྱི་སྔོན་ཐོན་ལས་དོན་པའི”གཟི་བརྗིད་མཚན་སྙན་ཐོབ་པ་རེད།  གཞན་ད་དུང་ཝང་གོ་ཁྲང་ལ་དཔའ་ལུང་རྫོང་གི་མཐོ་རྒྱུགས་གྲངས་རིག་གི་ཚན་ཁག་རྐྱང་པའི་སྤུས་ཚད་བྱ་དགའ་ཨང་དང་པོ་ཐེངས་མང་ཐོབ་ཅིང་།  བསྟུད་མར་ཐེངས་གསུམ་ལ་དཔའ་ལུང་རྫོང་གི་རང་བྱུང་ཚན་རིག་ཚན་ཁག་གི་ཨང་དང་པོ་བླངས་ནས་ཕུལ་བྱུང་སློབ་མ་སྐོར་ཞིག་གསོ་སྐྱོང་བྱས།   
            ད་ལོའི་ཟླ10པར་ཝང་གོ་ཁྲང་མཚོ་ཤར་གྲོང་ཁྱེར་གྱི་གཞི་རིམ་སློབ་གསོའི་ལས་དོན་པའི་འཐུས་མི་གཅིག་པུ་ཡིན་པའི་ཆ་ནས། ཀྲུང་གོའི་བཟོ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་ཞུགས་པ་རེད།  “སྟབས་ལེགས་པ་ཞིག་ལ་ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་བཟང་བའི་འཐུས་མི་ཞིག་གི་ཐོབ་ཐང་བླངས་ནས་ཐེངས་འདིའི་ཚོགས་ཆེན་ནང་ཞུགས་པས་ང་ལ་གཟི་བརྗིད་ཀྱི་སྣང་བ་ཞིག་ཤར་བའི་དུས་མཚུངས་སུ་འགན་འཁྲི་ཆེན་པོ་ཕྲག་ལ་བབས་པའི་ཚོར་སྣང་ཡང་ཤར་བྱུང”ཞེས་བཤད།   ཝང་གོ་ཁྲང་གིས་གཞི་རིམ་གྱི་དགེ་རྒན་ཞིག་ཡིན་པའི་ཆ་ནས། ཁོས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་བཟོ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།  དོན་འཁྱོལ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་པའི་དུས་མཚུངས་སུ། སློབ་མ་ཚོར་ཁྲིད་སྟོན་པ་ཡག་པོ་བྱས་ཏེ་སློབ་གྲྭའི་སློབ་ཁང་ཆུང་ངུ་དང་སྤྱི་ཚོགས་ཀྱི་སློབ་ཁང་ཆེན་པོ་གཉིས་ཕན་འབྲས་ཡོད་པའི་སྒོ་ནས་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་ལ་དགའ་ཞེན་དང་།  རྒྱལ་ཁབ་སྟོབས་ལྡན་ཅན་གཏོང་བའི་ཆོད་སེམས།  ད་དུང་རྒྱལ་ཁབ་ལ་བྱས་རྗེས་འཇོག་པའི་ཆོད་སེམས་བཅས་བྱ་བ་དང་འཚོ་བའི་ཁྲོད་མཉམ་འདྲེས་ཐུབ་པ་བྱས་ཏེ། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

རྩོམ་སྒྲིག་པ། དཔལ་གཡང་།