ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཁ་ཡོད་ལག་ཡོད་ཀྱིས་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བཞིན་པ།

སྤེལ་དུས 2023-12-25 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
             བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གི་གྲོང་ཚོར་བཅའ་སྡོད་རིམ་ཁག་ལས་དོན་རུ་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་གཙོ་རྐང་ལ་དམིགས་ཏེ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་དམངས་སེམས་གཅིག་སྒྲིལ་དང་དཀའ་གནད་སེལ་བ། དམངས་ལ་ཕན་འདོགས་པ། སྲོལ་བཟང་གཏོད་པ་བཅས་བྱས་ནས་དམངས་འཚོའི་གནད་དོན་གྱི་གསལ་ཐོ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ཀྱི་གསལ་ཐོ་ཞིག་ཏུ་བསྒྱུར་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་དཀའ་སྤྱད་ལས་བརྩོན་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོར་གཏོང་ཐུབ་པ་བྱས་ཏེ་དུས་ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་ནས་ཕན་འབྲས་བཟང་པོ་ཐོན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད།

             བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་སོགས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སེམས་ནུས་ཡོད་རྒུས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལག་ལེན་བསྟར་ནས་དམངས་ཀྱི་ཆེད་དུ་བྱ་བ་དངོས་དང་བྱ་བ་བཟང་པོ་སྒྲུབ་པ་དང་ཆབས་ཅིག མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། ནད་གཞི་ཚབས་ཆེན་ཕོག་པའི་རྐྱེན་གྱིས་དབུལ་པོར་འགྱུར་ཉེན་ཆེ་བའི་མང་ཚོགས་དང་། ཁྱིམ་ཚང་གི་འབྱོར་འཁོས་ཞན་པའི་སློབ་མ། དོས་དྲག་ནད་ཀྱིས་སྨན་ཁང་ལ་དུས་ཐོག་ཏུ་འགྲོ་མི་ཐུབ་པའི་ནད་པ་སོགས་ལ་མི་ཤུགས་དང་དངོས་ཤུགས་གང་རུང་ཐོག་ནས་ཁ་ཡོད་ལག་ཡོད་ཀྱི་རོགས་རམ་ཧུར་ཐག་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་ཡོད།

             གཞན་ཡང་སྔ་རྗེས་སུ་ཉིང་རི་གྲོང་ཚོ་དང་རང་བྱུང་གྲོང་ཚོའི་སྨི1000ཟིན་པའི་ཆུ་ལམ་གཙང་སེལ་དང་སྒྱུར་བཀོད་བྱས་པ་དང་། ཞིང་ཁའི་མཐའ་འཁོར་གྱི་སྨི1000སྲ་བརྟན་དུ་བཏང་བ། སྨི400ཟིན་པའི་གཞུང་ལམ་དང་སྨི1300ཟིན་པའི་ཆུ་ཡུར། དེ་བཞིན་ཆུ་རྫིང2བཅས་བསྐྲུན་པར་ཁྱོན་མ་དངུལ་སྒོར་ཁྲི16ཙམ་བཏང་བས་ཉིང་རི་གྲོང་ཚོའི་ཞིང་ཁའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་ནུས་ལྡན་བཏང་ཡོད།

             མདོར་ན། གྲོང་ཚོར་བཅའ་སྡོད་རིམ་ཁག་ལས་དོན་རུ་ཁག་གིས་རང་ཉིད་ཀྱི་དཀའ་སྤྱད་ལས་བརྩོན་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་གང་ཐུབ་ཀྱིས་མཐའ་མཚམས་སྲ་བརྟན་དང་གཞི་རིམ་འཕེལ་རྒྱས་ཀྱི་དམག་འཐབ་མཁར་རྫོང་ཞིག་ཧུར་ཐག་བསྐྲུན་ནས་ལྷ་རྩེའི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་རོགས་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། དཔལ་གཡང་།