ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > རོགས་སྐྱོར་མཐུན་ཚོགས།

ཀྲེ་ཅང་གིས་བོད་སྐྱོར་ལ་བརྟེན་ནས་ཐོན་ལས་མཉམ་ལས་ཀྱི་མིང་བྱང་བཏོད་པ།

འདི་ལོ་བོད་སྐྱོར་རྣམ་གྲངས45ལག་བསྟར་བྱས་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར4.2བཏང་བ།

སྤེལ་དུས 2023-12-13 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             ཉེ་ཆར། གསར་འགོད་པས་ཁ་གཏད་བོད་སྐྱོར་ཐོན་ལས་འབྲེལ་མཐུད་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ30ལྷག་ཙམ་རིང་། ཀྲེ་ཅང་ཞིང་ཆེན་གྱིས་བོད་ཀྱི་ནག་ཆུར་ཁ་གཏད་རོགས་སྐྱོར་བྱས་པར་རིམ་རྩིས་བྱས་ན་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར51ལྷག་ཙམ་བཏང་བ་དང་། རོགས་སྐྱོར་རྣམ་གྲངས410ལྷག་ཙམ་ལག་བསྟར་བྱས་ཏེ་རྣམ་གྲངས་དང་ཐོན་ལས་བོད་སྐྱོར་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ཞིང་། 2023ལོར་ཁྱོན་བོད་སྐྱོར་རྣམ་གྲངས45ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར4.2བཏང་ཡོད། ཟླ10པའི་ཟླ་མཇུག་བར། རྣམ་གྲངས45ཚང་མ་ལས་འགོ་ཚུགས་ནས་མ་དངུལ་སྒོར་དུང་ཕྱུར4.13བཏང་བ་དེས2023ལོ་འཁོར་གྱི་མ་འཇོག་བསྡོམས་འབོར་གྱི98.4%བཟུང་བ་དེ་ན་ནིང་གི་དུས་མཚུངས་ལས315%འཕར་ཡོད་པ་རེད།
             2023ལོ་ནས་བཟུང་། ཀྲེ་ཅང་ཞིང་ཆེན་བོད་སྐྱོར་ཁག་བཅུ་པའི་བཀོད་འདོམས་པུས“རྣམ་གྲངས་ཨང་དང་པོར་འཇོག་པ་དང་ཐོན་ལས་གཙོ་བོར་འཛིན་པའི”ལས་ཀའི་འདུ་ཤེས་བརྟན་པོ་བཙུགས་ནས་ནག་ཆུའི་ས་བབ་མཐོ་བ་དང་། ལས་ཡུན་ཐུང་བ། ཐོན་ལས་ཀྱི་རྨང་གཞི་ཞན་པ་སོགས་ཀྱི་ཞན་ཆ་ཁྱད་དུ་བསད་པ་མ་ཟད། ཀྲེ་ཅང་གི“ཞོག་ཁོག་དཔལ་འབྱོར”དང་རང་སྐྱོང་ལྗོངས་དང་ནག་ཆུ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི“འདུ་འགོད་ཨང་དང་པོ”ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་།“རྩིས་ཐོ་དྲུག”གི་ལས་ཀའི་བྱེད་ཐབས་གསར་གཏོད་དང་ལག་བསྟར་བྱས་ཏེ་ཁ་གཏད་རོགས་སྐྱོར་ཐོན་ལས་མཉམ་ལས་ཀྱི“གསེར་བྱང”ཧུར་ཐག་བཏོད་པས། ཀྲེ་ཅང་དང་ནག་ཆུའི་ཐོན་ལས་མཉམ་ལས་ལ་ཕན་འབྲས་རགས་ཙམ་ཐོན་ཡོད།
            ཀྲེ་ཅང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་ཀྲེ་ཅང་གི“ཁྲི་སྟོང་གི་འདུ་འགོད”ཀྱི་ཉམས་མྱོང་གང་ལེགས་སྤྱད་དེ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དང་། འབྲི་རུ་རྫོང་། ལྷ་རི་རྫོང་བཅས་སུ་གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་གྲངས་ལག་ལེན་བསྟར་ནས“ཁྲི་སྟོང་གི་འདུ་འགོད”ཀྱི་ནག་ཆུའི་མ་དཔེ་འཚོལ་ཞིབ་བྱས་ཏེ་བསྐྲུན་ཏེ། ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ལ་རམ་འདེགས་དང་། ནག་ཆུར་ནང་འདྲེན་བྱས་པའི་ཕན་འབྲས་ལེགས་པ་དང་སྐུལ་ཁྲིད་ཀྱི་ནུས་པ་ཆེ་བའི་བཟོ་ལས་རྣམ་གྲངས་དེ་དག་ནུས་རྒྱུ་གཙང་མ་དང་གྱོན་ཆས་བཟོ་བ་སོགས་ལ་ཁྱབ་ནས་བཟོ་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བར་རམ་འདེགས་བྱས་ཡོད། གཞན་ཡང་ཀྲེ་ཅང་གི་མ་དངུལ་དང་། ལག་རྩལ། ཀྲེ་ཅང་གི་ཚོང་པ་བཅས་ཀྱི་ལེགས་ཆ་བཏོན་ནས་ཚོང་འགུགས་མ་འདྲེན་གྱི“གཅིག་རེ་བརྒྱད”ཀྱི་ལས་ཀའི་ལམ་སྲོལ་གསར་གཏོད་དང་ལག་བསྟར་བྱས་ཡོད། ཀྲེ་ཅང་གི་ཡུལ་སྐོར་ཁེ་ལས་ནག་ཆུར་རྟོག་ཞིབ་ལ་ཡོང་བར་མཐུན་སྦྱོར་ཧུར་ཐག་བྱས་ནས་ནག་ཆུའི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུ་བཏོན་ཡོད།

རྩོམ་སྒྲིག་པ། དཔལ་གཡང་།