ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > རོགས་སྐྱོར་མཐུན་ཚོགས།

བཟོ་ལས་ཅན་གསར་པར་སྐུལ་འདེད་མགྱོགས་མྱུར་བཏང་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

སྤེལ་དུས 2024-01-12 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             2023ལོ་ནས་བཟུང་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ལོ་འཁོར་གྱི་དམིགས་ཚད་ལས་འགན་གཏན་འཁེལ་བྱས་པ་དང་། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་པ། ལས་ཀའི་འགན་འཁྲི་ནན་དུ་བཏང་བ། བཟོ་ལས་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་མྱུར་པོ་ཡོང་བ་བཅས་བྱས་པས་ལས་དོན་ཁག་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད་པ་རེད།
            རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་གཞོན་པ་ཞུས་ལུང་ཧའེ་ཡིས་གསུངས་དོན། 2024ལོར་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་གཤམ་གསལ་གྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་སྟེ།
             “ལས་འགན་ཁག་གསུམ”གྱིས་རྨང་གཞི་འདིང་བ་དང་འབྲེལ་ཐག་གསབ་སྟེ་གཙོ་གནད་ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཐོན་ལས་འཁོར་འབྲེལ་ནུས་པ་ཆེ་རུ་གཏོང་བ། ཚོང་འགུག་གི་འཁོར་འབྲེལ་སྟོབས་ཆེར་དང་གསབ་པ་བཅས་ཀྱི་ལས་འགན་ཆེན་པོ་གསུམ་ལག་བསྟར་བྱེད་པ། “འཁོར་འབྲེལ་དཔོན+འཁོར་འབྲེལ་བདག་པོའི”མཐུན་སྦྱོར་སྣེ་ཁྲིད་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས་སྲིད་གཞུང་གི“འཁོར་འབྲེལ་གཏན་འཁེལ”དང“འཁོར་འབྲེལ་འཛུགས་པ”ནས་ཁྲོམ་རའི་འཁོར་འབྲེལ་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་།“ཐོན་ལས་ཆེན་པོ་བཞིའི”སྤུས་འབོར་གཉིས་འཕར་ཡོང་བར་བྱས་ཏེ་སྲོལ་རྒྱུན་ཐོན་ལས་སྲ་བརྟན་དང་རིམ་སྤོར་བྱེད་པ་དང་། ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བ། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་ལ་རྒྱང་ལྟ་དང་ཇུས་འགོད་བཅས་བྱས་ནས་མ་འཇོག་གི་གྲུབ་ཆ་དེ་བས་ལེགས་པ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་དེ་བས་ཆེ་བ། ཐོན་ལས་ཀྱི་གཏིང་ཤུགས་དེ་བས་ཆེ་བ། བདེ་འཇགས་ཀྱི་རྨང་གཞི་དེ་བས་བརྟན་པ་བཅས་ཀྱི“ཁྱབ་རྒྱ་ཆུང་ངུ”ཆགས་པར་བྱས་ནས་བཟོ་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ།
             “དཔེ་དབྱིབས་ཆེན་པོ་བཞིས”ལས་རྣམ་གསར་པ་ཐོན་རྒྱུར་སྐུལ་འདེད་བཏང་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ནུས་སྤྲོད་གྲངས་གཞི་མཉམ་སྤྱོད། གྲངས་འཛིན་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་བ། ནུས་སྤྲོད་ཐོན་ལས་གྲངས་འཛིན་ཅན་དུ་འགྱུར་བ་བཅས་བྱས་ནས་གྲངས་འཛིན་དཔལ་འབྱོར་ལ་སྐུལ་འདེད་གཏོང་བར“ལས་དོན་ཆེན་པོ”སྒྲུབ་པ་དང“ཕན་འབྲས་ཆེན་པོ”ཐོན་པར་བྱ་རྒྱུ།
             “འབྲེལ་བ་ཆ་བཞིར”གསོན་ཤུགས་འཕེལ་བར་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་ཀྱི་བོད་ཀྱི་དམིགས་བསལ་ངེས་གནས་ལ་སྟངས་འཛིན་ཡང་དག་བྱེད་པ་དང་། བཟོ་ལས་ཅན་གསར་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་དང་འཐབ་ཇུས་ངེས་གནས་ལ་སྟངས་འཛིན་ཡང་དག་བྱེད་པ། བོད་ཀྱི་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་། དཔལ་འབྱོར་གྱི་ཆོས་ཉིད། གོ་སྐབས་དང་འགྲན་སློང་སོགས་ལ་ཚན་རིག་དང་མཐུན་པའི་ངང་བརྡར་ཤ་གཅོད་པ། བརྟན་ལྷིང་དང་འཕེལ་རྒྱས་ཀྱི་འབྲེལ་བ་དང་། དམངས་འཚོ་དང་འཕེལ་རྒྱས་ཀྱི་འབྲེལ་བ། སྐྱེ་ཁམས་དང་འཕེལ་རྒྱས་ཀྱི་འབྲེལ་བ། དྲང་སྲུང་དང་འཕེལ་རྒྱས་ཀྱི་འབྲེལ་བ་བཅས་ཐག་གཅོད་ཡག་པོ་བྱས་ནས་ཐོན་ཁུངས་དང་། ས་ཁོངས། ཁོར་ཡུག རྗེས་ཐོན་བཅས་ཀྱི་ལེགས་ཆ་ཡག་པོ་འདོན་རྒྱུ།
             “རྒྱུ་རྐྱེན་ཆེན་པོ་ལྔ”ཡིས་སྣེ་ཁྲིད་ཤུགས་ཆེན་བྱས་ནས་རྣམ་གྲངས་དང་། ཁེ་ལས། ཁོར་ཡུག མ་དངུལ། ཤེས་ལྡན་པ་བཅས་རྒྱུ་རྐྱེན་ཆེན་པོ་ལྔས་མཉམ་དུ་ཤུགས་བཏོན་ནས་བཟོ་ལས་དང་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་བཅས་རེད།
             ཞུས་ལུང་ཧའེ་ཡིས“ང་ཚོས་ལྗོངས་ཡོངས་ཀྱི་དཔལ་འབྱོར་ཆ་འཕྲིན་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོའི་བསམ་བློའི་ངོས་འཛིན་དེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་བ་དང་། འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་བ། སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ། ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། གྲུབ་འབྲས་གསར་པ་གཏོད་པ་དང་། བཀྲག་མདངས་འཚེར་ས་གཏོད་པ། བྱས་རྗེས་གསར་པ་འཇོག་པ་བཅས་བྱས་ནས། བཟོ་ལས་ཅན་གསར་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན”ཞེས་བཤད་པ་རེད།

རྩོམ་སྒྲིག་པ། དཔལ་གཡང་།