ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལས་དོན་གྱིས་བོད་ལྗོངས་ཀྱི་སློབ་མར་ཕན་པ་ཐོབ་པ།

སྤེལ་དུས 2021-10-13 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཅན།
          ཨན་ཧུའེ་ཡི་དགེ་རྒན་ཅིན་ཧུའེ་ལིན་གྱི་སློབ་ཁྲིད་ནང་དོན་དེ་བོད་སྐྱོར་དགེ་རྒན་གཞན་དག་དང་གཅིག་པ་མིན། ཁོང་ནི་བོད་སྐྱོར་རོལ་དབྱངས་དགེ་རྒན་ཞིག་རེད།
          2019ལོའི་ཟླ་8པར་ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པའི་རུ་མི་ཞིག་ཡིན་ཞིང་། ལོ་38ལ་སླེབས་པའི་ཅིན་ཧུའེ་ལིན་གངས་ལྗོངས་ས་མཐོར་ཡོང་ནས་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པར་བོད་སྐྱོར་དགེ་རྒན་བྱས།
          ཁོར་ཡུག་གསར་པ་དང་། ཆ་རྒྱུས་མེད་པ། རིག་གནས་ཀྱི་ཁྱད་པར་བཅས་ནི་ཅིན་ཧུའེ་ལིན་སློབ་ཁང་ནང་འཛུལ་སྐབས་བློ་མི་བདེ་བའི་སྣང་ཚུལ་ཞིག་རེད། འོན་ཀྱང་ཟོལ་མེད་ཀྱི་འཛུམ་མདངས་རེ་རེ་མཐོང་སྐབས་ཁོང་གི་སེམས་ཁྲལ་དེ་མ་ཉིད་དུ་མེད་པར་གྱུར།
          ཉིན་ཤས་མཉམ་དུ་གཤིབ་པ་བརྒྱུད་བོད་རིགས་ཕྲུ་གུ་ཚོ་གླུ་ལེན་གར་འཁྲབ་ལ་མཁས་པའི་རང་གཤིས་མཐོང་རྗེས་རང་འགུལ་ངང་ཕ་ཡུལ་གྱི་ཧོང་མེ་ཟློས་གར་སློབ་མ་ཚོར་འཁྲབ་སྟོན་བྱས། སློབ་མ་ཚོས་ཧོང་མེ་ཟློས་གར་ལ་ཡ་མཚན་ཆེན་པོ་བྱེད་པ་དང་བསྟུན་ནས་ཅིན་ཧུའེ་ལིན་གྱིས་ལྗོངས་ཡོངས་ཀྱི་བོད་རྒྱ་སྐད་གཉིས་ཀྱི་ཧོང་མེ་ཟློས་གར་གྱི་སློབ་མའི་ཚོགས་པ་ཐོག་མ་དེ་བཙུགས་པ་མ་ཟད། ཧོང་མེ་ཟློས་གར་གྱི་མཚོན་བྱེད་རང་བཞིན་གྱི་རོལ་དབྱངས《ཏུའུ་མ》མ་དཔེ་དང་བོད་ལྗོངས་ཀྱི་གླུ་གར་མཚོན་ཚུལ་དུ་བྱས་ནས་གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་བཏང་བ་རེད།
          ཧོང་མེ་ཟློས་གར་གངས་ལྗོངས་ས་མཐོར་དར་ཁྱབ་བྱུང་བ་དེ་ཡང“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་གྱི་ལོ་མང་རིང་གི་གྲུབ་འབྲས་ཀྱི་མཚོན་ཚུལ་ཞིག་ཀྱང་རེད། 2015ལོའི་ཟླ་12པར། སློབ་གསོ་པུའུ་སོགས་པུའུ་ཨུད་ཀྱིས་མཉམ་འབྲེལ་ཐོག《“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་གྱི་ལག་བསྟར་ཇུས་གཞི》བཀྲམ་ནས་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དང་སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ཀྱི་ཞོར་གཏོགས་སློབ་གྲྭ་འབྲིང་ཆུང་ནས་དགེ་རྒན་800བོད་ལྗོངས་དུ་སློབ་སྐྱོར་བྱེད་པར་འདེམས་གཏོང་བྱས་པ་དང་དགེ་རྒན་10ནས་50བར་ལས་གྲུབ་པའི་ཚོགས་པ་གཅིག་གིས་བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གཅིག་ལ་གཅིག་སྡུད་ཐོག་ཁ་གཏད་རོགས་སྐྱོར་བྱས་པ་རེད། 2016ལོར་པེ་ཅིང་དང་ཧྲང་ཧའེ་སོགས་ཞིང་ཆེན་དང་གྲོང་ཁྱེར་17གྱི་ཆེད་བསྐོས་དགེ་རྒན་དང་དོ་དམ་མི་སྣ་800ཙམ་མ་གྲོས་གཅིག་མཐུན་ངང་བོད་ལྗོངས་ལ་ཡོང་ཡོད།
          བོད་སྐྱོར་དགེ་རྒན་གྱི་རོགས་རམ་འོག་བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཕྱོགས་བསྡུས་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་རིག་གནས་སློབ་ཚན་གྱི་སྦྱངས་འབྲས་ཀྱང་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་ཉི་མ་ཚེ་རིང་གིས“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལས་དོན་སྤེལ་ཚུན། བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་འདུ་ཤེས་དང་། སློབ་ཁང་ནང་སློབ་ཁྲིད། དོ་དམ་བྱེད་སྟངས་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། སློབ་མའི་ཕྱོགས་ཁག་གི་བྱང་ཚད་ཡར་རྒྱས་མངོན་གསལ་དོད་པོ་བྱུང་ཡོད། འབྱུང་འགྱུར་བོད་ལྗོངས་ཀྱིས་སྲིད་ཇུས་དེ་མུ་མཐུད་བེད་སྤྱོད་ཡག་པོ་བྱས་ཏེ་སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་ཞན་ཆ་ཟམ་མི་ཆད་པར་སེལ་རྒྱུ་ཡིན་ཞེས་བཤད།
རྩོམ་སྒྲིག་པ། བསྟན་ཆོས།