ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཕྲག་ཏུ་འཁུར་བ།

སྤེལ་དུས 2022-04-19 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          2019ལོའི་ཟླ་7ཚེས་2ཉིན་ཝུའེ་ཧྥང་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་ཤེས་ལྡན་མི་སྣ་8གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དུ་བསྐྱོད་དེ“རྒྱང་སྐྱོད་ལམ་བུ་གསར་པར”སྐྱོད་འགོ་ཚུགས།
          ལོ་གཉིས་ལྷག་ཙམ་གྱི་རིང་། ཝུའེ་ཧྥང་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་དོ་དམ་ཚོགས་ཆུང་གིས་བོད་ལྗོངས་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞིར”དམ་པོར་དམིགས་ནས་ཁྱོན་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.2ཙམ་བཏང་ནས་བོད་སྐྱོར་རྣམ་གྲངས་35ལག་བསྟར་བྱས་ཏེ་རྣམ་གླིང་རྫོང་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་དང་སྐྱིད་སྣང་དོད་དུ་གཏོང་བ། རྣམ་གླིང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
          མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་དམངས་འཚོ་འགན་ལེན་གྱི་རྨང་གཞི་བརྟན་དུ་བཏང་བ།
          དགུན་དུས་དྲོ་འཇམ་ཉི་འོད་འོག་རྣམ་གླིང་རྫོང་ཝུའེ་ཧྥང་སློབ་ཆུང་ལས་གྲྭ་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད་པ་དང་ལས་གྲྭ་མཇུག་འགྲིལ་ཉེའི་མཚམས་སུ་སླེབས་ཡོད་པ་རེད། ཚད་ལྡན་ཅན་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དེར་ཁྱོན་མ་དངུལ་སྒོར་ཁྲི་7524(དེའི་ནང་ཝུའེ་ཧྥང་གི་བོད་སྐྱོར་མ་དངུལ་སྒོར་ཁྲི་3899ཚུད་པ)བཏང་བ་དེ་ནི་ཉེ་བའི་ལོ་20རིང་ཝུའེ་ཧྥང་གིས་བོད་སྐྱོར་བྱེད་རིང་རྣམ་གྲངས་རྐྱང་པར་མ་དངུལ་མང་ཤོས་བཏང་བ་དང་འཛུགས་སྐྲུན་བྱེད་རྒྱ་ཆེ་ཤོས་ཀྱི་དམངས་འཚོའི་རྣམ་གྲངས་ཤིག་རེད།
          “སློབ་གྲྭ་བསྐྲུན་རྗེས་རྣམ་གླིང་རྫོང་གནས་ཡུལ་དང་དེ་བཞིན་ཉེ་འཁོར་གྱི་ཕྲུ་གུ་སློབ་གྲྭར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས། རྣམ་གླིང་རྫོང་གི་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་སློབ་གཉེར་ལ་སྐུལ་འདེད་དང་རྣམ་གླིང་རྫོང་གི་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད་ནུས་པ་གལ་ཆེན་འདོན་ཐུབ་ཀྱི་རེད”ཅེས་ཝུའེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པ་རྣམ་གླིང་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲའོ་ཀྲི་ཅིན་གྱིས་ངོ་སྤྲོད་བྱས།
          2019ལོ་ཚུན་ཝུའེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པའི་དོ་དམ་ཚོགས་ཆུང་གིས་འཕེལ་རྒྱས་ཚང་མ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་ཕན་པའི་འདུ་ཤེས་བཟུང་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པའི་ལས་ཀའི་བླང་བྱ་ལྟར་མ་དངུལ་བསྡུ་སྒྲིལ་དང་། ཐོན་ཁུངས་བསྡུ་སྒྲིལ། སྲིད་ཇུས་བསྡུ་སྒྲིལ་བཅས་བྱས་ཏེ་དམངས་འཚོའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།
          མང་ཚོགས་ཀྱི་ལས་ཞུགས་གནད་དོན་སྔར་བས་ཐག་གཅོད་བྱེད་པ་དང་མང་ཚོགས་ཀྱི་ངལ་ནུས་ལག་རྩལ་མཐོ་རུ་གཏོང་ཆེད། ཝུའེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་ཁག་བདུན་པའི་ལས་དོན་ཚོགས་ཆུང་གིས་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་ཏེ་གྲངས་འཛིན་ཞིང་ལས་ཐོན་ལས་གླིང་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་9000བཏང་བ་དང་། རྣམ་གླིང་རྫོང་གི་དྲ་སྦྲེལ་དང་དེང་རབས་ཞིང་ལས་འཕེལ་རྒྱས་མཉམ་འདྲེས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས། གྲོང་གསེབ་དར་རྒྱས་མངོན་འགྱུར་ཡོང་ཆེད་ནུས་པ་གལ་ཆེན་བཏོན་པ་རེད།
          “ཨེ་མའི་ཞོག་ཁོག”ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་དང་རྒྱ་སྟོབས་ཆེ་རུ་གཏོང་ཆེད། 2020ལོར་ཝུའེ་ཧྥང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཆེད་དོན་རོགས་སྐྱོར་མ་དངུལ་སྒོར་ཁྲི་300བཏང་ནས་རྣམ་གླིང་རྫོང་ལ་ཞོག་ཁོག་ཐོན་སྐྱེད་འཕྲུལ་ཆས་ཆེ་གྲས་ཆ་ཚང་20ཉོས་ནས“ཨེ་མའི་ཞོག་ཁོག”འདེབས་འཛུགས་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། འཕྲུལ་ཆས་ཅན་བཅས་ཀྱི་ཆུ་ཚད་དུ་རིམ་པ་སྤར་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོའི་བར་ཝུའེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་ཁག་བདུན་པའི་ལོ་གསུམ་འཆར་གཞིར་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.25བཏང་ནས་དམངས་འཚོའི་ཞབས་འདེགས་ལེགས་སུ་བཏང་བ་རེད།
          “གཞན་རྟེན”དང“རང་རྟེན”གལ་ཆེ་མཉམ་འཛིན་གྱིས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་བ།
          རྣམ་གླིང་རྫོང་གི་བོད་རིགས་སློབ་ཆེན་སློབ་མ་ཟླ་སྒྲོན་ལྷ་འཛོམས་སློབ་གྲྭ་ཐོན་རྗེས་སྐད་འཕྲིན་གྱི་གྲོགས་ཚོགས་སུ་ཁྱད་ལྡན་ཞིང་ཞོར་ཐོན་རྫས་བཙོངས་ཀྱང་ལམ་ལྷོངས་བྱུང་མེད།
          ཝུའེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་ཁག་བདུན་པའི་ལས་བྱེད་ཚོགས་ཆུང་གིས་གནས་ཚུལ་དེ་ཤེས་རྗེས། ཟླ་སྒྲོན་ལྷ་འཛོམས་ཝུའེ་ཧྥང་དུ་ཧྲན་ཏུང་དང་ཐའེ་དབན་གྱི་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་བྱ་འཕུར་དུས་ཆེན་ལ་ཞུགས་ནས་ས་གནས་ས་ཐོག་ཏུ་དྲ་ཐོག་ཚོང་པའི་ཐད་གཏོང་ཟོག་འདྲེན་ཚོང་གཉེར་བྱེད་སྟངས་ལ་ལྟ་སྦྱོང་བྱས་པ་དང་། ཟླ་སྒྲོན་ལྷ་འཛོམས་ལ་ཁྱིམ་སྤྱོད་གློག་ཆས་ཚོང་ཁང་གི་ཚོང་གཉེར་མཉམ་ལས་རོགས་ཟླ་བཅུ་གྲངས་ཁ་ཤས་འཕེལ་རྒྱས་གཏོང་རོགས་བྱས་པ་དང་། བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་མཉམ་འབྲེལ་ཕྱིར་ཚོང་རོགས་བྱས་པ་རེད། ད་ཆ་ཟླ་སྒྲོན་ལྷ་འཛོམས་ཀྱི་ཞིང་ཞོར་ཐོན་རྫས་ཀྱི་ལོ་རེའི་ཚོང་གི་ཡོང་འབབ་སྒོར་ཁྲི་70ཟིན་པ་དེ་ནི་དེ་གོང་གི་བཙོངས་པའི་བསྡོམས་འབོར་གྱི་ལྡབ་བཅུ་ཕྲག་ཁ་ཤས་རེད། ཁོང་གི་སྣེ་ཁྲིད་འོག་རྣམ་གླིང་གི་དྲ་ཐོག་ཚོང་དོན་གཉེར་སྐྱོང་དུད་ཚང་བཅུ་ཕྲག་ཁ་ཤས་ཟིན་གྱི་ཡོད།
          2021ལོའི་ཟླ་7པར། ཝུའེ་ཧྥང་གྲོང་ཁྱེར་སྲིད་གཞུང་གིས་ཆེད་སྤྱོད་མ་དངུལ་སྒོར་ཁྲི་300བཏང་ནས་རྣམ་གླིང་རྫོང་གི་དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁྱིམ་ཚང་ནས་སྤྱོད་ཡོན་གཉིས་ལྡན་གྱི་ཕྲུ་གུ་240དང་དགེ་རྒན་བདམས་ནས་ཧྲན་ཏུང་དུ“མཐོང་རྒྱ་ཐོས་རྒྱ་ཆེ་རུ་གཏོང་བ་དང་བྱང་ཚད་མཐོ་རུ་གཏོང་བའི”བརྗོད་དོན་གཙོ་བོའི་དབྱར་སྒར་བྱེད་སྒོར་ཞུགས་པར་མངགས་ཏེ་གཏིང་ཟབ་པའི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཤེས་རྟོགས་ཐུབ་པར་བྱེད་པ་དང་ཕྱི་རོལ་གྱི་འཛམ་གླིང་ལ་རྒྱུས་མངའ་གཏིང་ཟབ་ལོན་པར་བྱས་ཏེ་ཉམས་ལེན་རྣམ་པའི་ལྟ་སྐོར་སྤེལ་རེས་བྱེད་རིང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད་པ་རེད།
          བསྡོམས་རྩིས་བྱས་པར་གཞིགས་ན། ལོ་གཉིས་ལྷག་ཙམ་རིང་ཝུའེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པས་སློབ་གསོ་དང་། འཕྲོད་བསྟེན། ཞིང་ལས་ལག་རྩལ། རྫོང་དང་ཤང་གི་ལས་བྱེད་པ། ཚོང་དོན་མི་སྣ་བཅས་སྒྲིག་འཛུགས་བྱས་ནས་གསོ་སྦྱོང་སྤེལ་རེས་ཀྱི་བྱེད་སྒོ་ཁག་27སྤེལ་བར་མི་ཐེངས་810ལྷག་ཙམ་ཞུགས་པ་དང་ཁག་བདུན་གྱི་དགེ་སློབ་380ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཧྲན་ཏུང་དུ་དབྱར་སྒར་དང་གསོ་སྦྱོང་བྱེད་སྒོར་ཞུགས་པ་རེད།
          ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་ཝུའེ་ཧྥང་གི་ལས་བྱེད་པའི་གཟུགས་བརྙན་མངོན་པར་བྱས་པ།
          འཆི་མེད་སྒྲོལ་དཀར་ནི་རྣམ་གླིང་རྫོང་ལྷ་བུ་ཕུ་ཤང་ཚ་ཆུང་གྲོང་ཚོའི་འབྲོག་པའི་བུ་མོ་ཞིག་རེད། ལོ་གཉིས་གོང་རྐང་མར་གཉན་ཚད་ཕོག་ནས་གང་སར་སྨན་པ་བསྟེན་པར་བསྐྱོད་དེ་ཁྱིམ་གྱི་གསོག་དངུལ་རྦད་དེ་རྫོགས་པ་དང་། ཕྲུ་གུའི་ན་ཟུག་གི་སྡུག་བསྔལ་ཆུང་དུ་གཏོང་ཆེད་རྣམ་གླིང་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་བསྐྱོད།
          ཝུའེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པས་གནས་ཚུལ་ཤེས་རྗེས། ཝུའེ་ཧྥང་གྲོང་ཁྱེར་མི་དམངས་སྨན་ཁང་དང་། རྒྱ་གྲམ་དམར་པོ་ཚོགས་པ། གཅེས་སེམས་ཁེ་ལས་བཅས་ལ་མཐུན་སྦྱོར་འབྲེལ་གཏུག་བྱས་ཏེ་འཆི་མེད་སྒྲོལ་དཀར་ཝུའེ་ཧྥང་གྲོང་ཁྱེར་དུ་ནད་བསྟེན་པར་སྐྱོད་པའི་གནད་དོན་ཐག་གཅོད་བྱས།
          རྣམ་གླིང་ཁྱིམ་དུ་བརྩི་བ་དང་ཞིང་འབྲོག་མང་ཚོགས་གཉེན་ཉེར་བརྩིས་ཤིང་། ལས་ཀའི་བར་གསེང་དུ་ཝུའེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་བརྒྱད་ཀྱིས་རྣམ་གླིང་རྫོང་གི་སློབ་མ་དབུལ་པོ་རེ་དང་ཆ་སྒྲིག་རོགས་སྐྱོར་བྱས་ནས་གཟའ་སྤེན་པ་དང་གཟའ་ཉི་མར་རྒྱུན་དུ་འཚམས་འདྲི་བྱེད་ཀྱི་ཡོད། བོད་སྐྱོར་ལས་བྱེད་པས་སྐད་འཕྲིན་གྱི་གྲོགས་ཚོགས་ནས་རྣམ་གླིང་རྫོང་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་སློབ་ཕྱིའི་དཔེ་དེབ་ཞལ་འདེབས་རྒྱག་པའི་གྲོས་འགོ་བཏོན་པ་དེར་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་མི་སྣས་དང་ལེན་ཧུར་ཐག་བྱས་པས། མིག་སྔར་རིམ་རྩིས་བྱས་ན་དཔེ་དེབ་ཁྲི་3.2ཞལ་འདེབས་ཕུལ་བ་དང་། 2019ལོ་ཚུན་ཝུའེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པས་རིམ་རྩིས་བྱས་ན་རྣམ་གླིང་རྫོང་གི་སློབ་གསོར་དངུལ་སྨར་དང་དེ་བཞིན་སློབ་ཆས་སྒོར་ཁྲི་140ཙམ་བསྡུས་ཡོད་པ་རེད།
          “བོད་ལྗོངས་དུ་ཡོང་དོན་གང་ཡིན་པ་དང་། བོད་ལྗོངས་དུ་ལས་ཀ་གང་བྱེད་པ། བོད་ལྗོངས་ནས་བྲལ་དུས་གྲུབ་འབྲས་གང་ཡོད་པ”
          ལོ་གཉིས་ལྷག་ཙམ་རིང་ཝུའེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པའི་དོ་དམ་ཚོགས་ཆུང་གིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ནུས་ལྡན་ཞིག་ལ་ཐོག་མཐའ་བར་གསུམ་དུ་བརྩིས་ནས་རོགས་སྐྲུན་ལ་བརྟེན་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་རོགས་སྐྲུན་ལ་སྐུལ་འདེད་གཏོང་བར་དམིགས་ཏེ་ཏང་འཛུགས་སྐྱོང་དང་སྐྲུན་རོགས་མཉམ་འདྲེས་གཏིང་ཟབ་དང་ཕན་ཚུན་སྐུལ་མ་ཐེབས་པར་སྐུལ་འདེད་བཏང་སྟེ་ལས་སྒྲུབ་ལས་གཏོད་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད་པ་རེད།
རྩོམ་སྒིག་པ། བསྟན་ཆོས།