ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

མི་དམངས་མང་ཚོགས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་པ།

སྤེལ་དུས 2024-01-11 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
             ཉེ་ཆར། རྒྱལ་ཡོངས་ཀྱི་ས་ཆ་མང་པོར་ཁ་ཆར་དྲག་པོ་བབས་པའི་གནམ་གཤིས་བསྟན་ནས་གློག་ཤུགས་མཁོ་སྤྲོད་དང་། འགྲིམ་འགྲུལ་སྐྱེལ་འདྲེན། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བཅས་ལ་ཤུགས་རྐྱེན་ཆེ་ཙམ་བཟོས་ཡོད།
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲང་ངར་ཆེ་ཞིང་ཁ་ཆར་འཁྱགས་བསྡམས་ཀྱི་གནོད་འཚེ་འགོག་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས“འབྲེལ་ཡོད་ས་གནས་དང་སྡེ་ཚན་གྱིས་འགན་འཁྲི་ནན་དུ་བཏང་སྟེ། འགོག་ཟོན་བྱ་ཐབས་ཞིབ་ཚགས་སུ་གཏོང་བ་དང་། འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་པ་བཅས་ཀྱི་སྒོ་ནས་ནུས་ཤུགས་ཡོད་རྒུས་ཐོལ་བྱུང་ཉེན་ཁའི་གནས་ཚུལ་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱས་ཏེ་མི་དམངས་མང་ཚོགས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་བླང་བྱ་བཏོན་གནང་ཡོད། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུས་བརྡ་ཐོ་བཀྲམ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ། གྲང་ངར་ཆེ་ཞིང་ཁ་ཆར་འཁྱགས་བསྡམས་ཀྱི་གནོད་འཚེར་འགོག་ཟོན་དང་ཁ་གཏད་གཅོག་པ་དང་དེ་བཞིན་ཡོམ་འགོག་གེགས་སེལ་བྱེད་སྐབས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་དགོས་པའི་བླང་བྱ་བཏོན་པ་རེད།
            འབྲེལ་ཡོད་ས་གནས་དང་སྡེ་ཚན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་བ་དང་གྲང་ངར་ཆེ་ཞིང་ཁ་ཆར་འཁྱགས་བསྡམས་ཀྱི་གནོད་འཚེར་འགོག་ཟོན་དང་ཁ་གཏད་གཅོག་པ་གཉིས་ཟུང་འབྲེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྔོན་ཚུད་ནས་ཉེན་ཟོན་སྔོན་བརྡ་གཏོང་བ་དང་། ཉེན་སེལ་གུད་སྐྱོབ། དྲོད་རླངས་དང་མཁོ་སྤྲོད་འགན་ལེན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་མི་དམངས་མང་ཚོགས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་བཞིན་ཡོད།
            ཕྱོགས་གཉིས་ནས་དམ་འཛིན་དང་ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མདུན་དུ་བསྐྱོད་པ།
            འབྲེལ་ཡོད་ས་གནས་དང་སྡེ་ཚན་གྱིས་སློབ་གསོ་དང་ལག་ལེན་ཕྱོགས་གཉིས་ནས་དམ་འཛིན་དང་ཕྱོགས་གཉིས་ཀར་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་མདུན་དུ་བསྐྱོད་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་དང་ཉེན་ཁའི་གནས་ཚུལ་དག་ཚན་རིག་དང་མཐུན་ཞིང་བདེ་འཇགས་ལྡན་ལ་ནུས་ཆེའི་སྒོ་ནས་བསལ་ཡོད།
             2023ལོའི་ཟླ12པའི་ཚེས29ཉིན། ཏོན་ཡུས་རུང་གིས་རྒྱལ་ལམ309ཡི་འགྲམ་དུ་ལག་པར་རྒྱང་བསྒྲགས་འཁྱེར་ཏེ“གྱེན་ཐུར་ལ་འདྲེད་བརྡར་ཤོར་ཉེན་ཆེ་བས་དལ་བུར་གཏོང་རོགས”ཞེས་འགྲོ་འོང་བྱེད་མཁན་རླངས་འཁོར་ལ་དྲན་སྐུལ་བྱེད་བཞིན་ཡོད། ཧོ་པེ་ཧན་ཏན་གྲོང་ཁྱེར་ཧྲེ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་གངས་ཕྱགས་ཤར་བགྲོད་འགན་ལེན་ཏང་ཡོན་གདོང་ལེན་རུ་ཁག་ནས་ཡིན་པའི་ཏོན་ཡུས་རུང་གིས་གངས་ཆེན་པོ་བབས་ནས་གྲང་ངར་ཆེ་སྒང་ལ། རུ་མི་གཞན་དང་མཉམ་དུ་ལས་རེས་གསུམ་ལ་བགོས་ཏེ་རྒྱལ་ལམ309ཧྲེ་རྫོང་དུམ་བུར་གངས་ཕྱགས་ནས་ཤར་བགྲོད་འགན་ལེན་བྱེད་པ་དང་འགྲོ་འོང་བྱེད་མཁན་རླངས་འཁོར་ལ་རོགས་རམ་བྱེད་བཞིན་ཡོད། ཆུ་ངོགས་གཡང་གཟར་དང་། ལམ་ཀྱོག་གྱེན་གཟར། ཟམ་མདོང་ཉི་སྲིབ་སོགས་ཀྱི་གཙོ་གནད་དུམ་བུར་འདྲེད་འགོག་རྒྱུ་ཆ་དང་གངས་ཞུ་བའི་རྫས་སྣ་གཏོར་བ་དང་། འཁྱགས་པ་ཐེབས་པའི་དུམ་བུར་འཁྱགས་པ་གཏོར་བ་སོགས་བྱས་པ་རེད། ཏང་ཡོན་གདོང་ལེན་རུ་ཁག་གི་རུ་མིས་རྒྱལ་ལམ་ཧྲེ་རྫོང་གི་དུམ་བུར་ཉིན་གང་སྐོར་ཞིབ་བྱས་ནས་ཞོར་ཐོན་གནོད་འཚེ་མི་ཐོན་པ་བྱས་པ་རེད།
             ཧོ་པེ་ཁྲེང་ཏེ་གྲོང་ཁྱེར་ལོན་ཕིང་རྫོང་གིས་ལོན་ཕིང་གྲོང་རྡལ་དང་། ཀྲུང་ཤིང་ལམ་ཁྲོམ་གཞུང་། རྫོང་ཐད་གཏོགས་སྡེ་ཚན་ཁག་བཅས་སྒྲིག་འཛུགས་ཀྱིས་འགན་འཁྲི་ཁུར་ཡུལ་དུ་གངས་ཕྱགས་པ་རེད། དེ་དང་ཆབས་ཅིག རྫོང་གྲོང་གི་ལམ་བུ་གཙོ་བོ་དང་ཟམ་པར་གྲལ་བཤེར་བྱས་ཏེ་གློག་ཤིང་ཀྱོག་པ་དང་གློག་སྐུད་རྙིང་པ་ཆགས་པ་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ནས་གནམ་གཤིས་ངན་པ་བསྟན་སྐབས་རྒྱུན་གཏན་ལྟར་འཁོར་རྒྱུག་དང་གྲོང་མི་བདེ་འཇགས་ངང་ཕྱིར་སྐྱོད་པར་འགན་ལེན་བྱས་པ་རེད།
             ཁ་གཏད་ཧུར་ཐག་བཅག་ནས་ཐོན་སྐྱེད་དང་འཚོ་བ་རྒྱུན་གཏན་ལྟར་འཁོར་རྒྱུག་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ།
             འབྲེལ་ཡོད་ས་གནས་དང་སྡེ་ཚན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་གྲུབ་འབྲས་དེ་ལས་ཀའི་ཕན་འབྲས་དངོས་ལ་བསྒྱུར་ཏེ། ཚན་རིག་དང་མཐུན་ཞིང་གོ་ཆོད་པའི་བྱ་ཐབས་ལ་བརྟེན་ནས་བདེ་འཇགས་དང་། ཤར་བགྲོད། གློག་གཏོང་། དམངས་འཚོ། བརྟན་ལྷིང་བཅས་འགན་ལེན་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་དང་འཚོ་བ་རྒྱུན་གཏན་ལྟར་འཁོར་རྒྱུག་ཡོང་བར་བྱས་ཡོད།
             ནང་སོག་ཧུའུ་ལུན་པེར་གྲོང་ཁྱེར་གྱིས་དྲོད་འདོན་འཕྲལ་སྡོམ་ཉེན་སེལ་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། གཙོ་གནད་ཆེ་སར་ཉིན་མཚན་དབྱེར་མེད་དུ་སྡོད་བྱ་ལས་གྲབས་བྱས་ནས་ཐོལ་བྱུང་སྐྱོན་ཤོར་གྱི་འཕྲལ་སྡོམ་ཐག་གཅོད་ལས་དོན་ཡག་པོ་བསྒྲུབས་ཡོད། ཧའེ་ལར་ཆུས་སུ་དྲོད་འདོན་གྱི“ལྟེ་བའི་ས་ཚིགས”བཙུགས་པ་དང་། མན་ཇུ་ལི་གྲོང་ཁྱེར་དང་། ཡཱ་ཁེ་ཧྲི་གྲོང་ཁྱེར། ཀེན་ཧོ་གྲོང་ཁྱེར། ཨེ་ལུན་ཁྲུན་རང་སྐྱོང་ཆི་ཏཱ་དབྱང་ཧྲུའུ་གྲོང་རྡལ། ཀྲ་ལན་ཐུན་གྲོང་ཁྱེར་བཅས་སུ་དྲོད་འདོན་གྱི“ཁུལ་ཁོངས་ལྟེ་བའི་ས་ཚིགས”བཙུགས་ནས་ཆུ་ཚོད2ཀྱི་འཕྲལ་སྡོམ་མ་ལག་གྲུབ་ཡོད།
             ནང་སོག་ཐུང་ལེའོ་གྲོང་ཁྱེར་གྱིས་ཞིང་འབྲོག་མང་ཚོགས་ཀྱི་དགུན་དུས་དྲོད་ལེན་གྱི་རྡོ་སོལ་འགན་ལེན་ལས་དོན་ལེགས་སྒྲུབ་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱི་ཆི་དང་། རྫོང་། གྲོང་ཁྱེར། ཆུས་བཅས9ཡིས་རིམ་རྩིས་བྱས་ན་རྡོ་སོལ་ཏུན་ཁྲི46.6དབོར་འདྲེན་བྱས་པ་དེས་ཞིང་འབྲོག་མང་ཚོགས་ཁྲི24.9ལ་ཕན་ཐོགས་ཡོད་པ་རེད། གནམ་གཤིས་གྲང་ཞིང་གངས་ཡང་སེ་བབས་པར་དམིགས་ནས་ཐུང་ལེའོ་གྲོང་ཁྱེར་ནུས་རྒྱུ་ཅུས་ཀྱིས་རྒྱལ་ཁབ་གློག་དྲ་ཐུང་ལེའོ་གློག་འདོན་ཀུང་སི་དང་གནམ་གཤིས་ལས་ཁུངས་སོགས་སྡེ་ཚན་དང་མཐུན་སྦྱོར་དམ་ཟབ་བྱས་ཏེ། གློག་གཏོང་སྒྱུར་གྱི་གློག་སྐུད་དང་གློག་བགོད་སྒྲིག་ཆས་ལ་ཉིན་མཚན་དབྱེར་མེད་དུ་བར་མཚམས་མེད་པར་སྐོར་ཞིབ་བྱས་ཡོད། རྒྱལ་ཁབ་གློག་དྲ་ཐུང་ལེའོ་གློག་མཁོ་འདོན་ཀུང་སིས་ཏང་ཡོན་གྱི་བདེ་འཇགས་འགན་འཁྲིའི་ཁུལ་དང་ཏང་ཡོན་གྱི་བདེ་འཇགས་དཔེ་སྟོན་ལས་གནས་བཟོས་ནས་ཏང་ཡོན་ཞབས་ཞུ་རུ་ཁག་གིས་དྲོད་འདོན་ཁེ་ལས་ལ་སྒོ་རྩར་ཞབས་འདེགས་ཞུས་ཏེ་ལག་རྩལ་གྱི་རྒྱབ་སྐྱོར་བྱས་ཡོད།
             གནམ་གཤིས་གྲང་མོ་ལས་ཞིང་ལས་ཐོན་སྐྱེད་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་ཆེད། ཅང་ཤིས་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱིས་ཞིང་ལས་ལག་རྩལ་པ་སྒྲིག་འཛུགས་བྱས་ནས་གཞི་རིམ་དུ་བསྐྱོད་དེ་ཞིང་དུད་ལ་གྲང་འགོག་འཁྱགས་འགོག་བྱེད་ཐབས་བསླབས་ནས་ཞིང་ལས་སྐྱེ་དངོས་ལ་འཁྱགས་མི་ཐེབས་པ་བྱས་ཡོད། ལི་ཁྲོན་རྫོང་ལུང་ཨན་གྲོང་རྡལ་ལི་མིན་གྲོང་ཚོའི་ཚ་ལུ་མའི་རྟེན་གཞིར་ཞིང་ལས་ལག་རྩལ་པ་དང་དང་བླངས་ཞབས་ཞུ་རུ་ཁག་སླེབས་ནས་ཁོང་ཚོས་ཤིང་འབྲས་འདེབས་མཁན་གྱི་ཞིང་པ་ཚོར་སྔ་སྣུར་ནས་ཆུ་གཏོང་བ་དང་། འཁྱགས་འགོག ཁེབས་གཡོགས་པ། ས་སྐྱོར་རྒྱག་པ་སོགས་བྱེད་ཐབས་ཀྱི་མཛུབ་ཁྲིད་ཞིབ་ཚགས་བྱས་ནས་འཁྱགས་མི་ཐེབས་པ་བྱས་ཡོད། ཁྲུང་རེན་རྫོང་ཀའོ་ཞུས་ཤང་དུ་ཞིང་ལས་ལག་རྩལ་པས་གྲོང་མི་ཚོར་འགྱིག་ཤོག་གཡོགས་པ་དང་། ཆུ་ཡུར་གཤོང་བ། སོག་མ་འདིང་བ་སོགས་ཀྱི་བྱེད་ཐབས་བསླབས་ནས་སྔོ་ཚལ་ལ་འཁྱགས་མི་ཤོར་བ་ཡོད།
             འཐབ་ས་དང་པོར་བསྐྱོད་ནས་མང་ཚོགས་ཀྱི་དཀའ་ངལ་དངོས་སེལ་རོགས་བྱས་པ།
             ཧྲན་ཤིས་ཤིན་ཀྲོའུ་གྲོང་ཁྱེར་ཡོན་ཕིང་གྲོང་ཁྱེར་གྱིས་ཏང་ཡོན་ལས་བྱེད་པ་སྟོང་ཕྲག་སྒྲིག་འཛུགས་བྱས་ཏེ་གྲོང་གསེབ་དང་སྡེ་ཁུལ་དུ་བསྐྱོད་ནས་གནོད་འཚེ་ཕོག་པ་ལས་འཚོ་བར་དཀའ་ངལ་བྱུང་བ་དང་ཆ་རྐྱེན་དང་མཐུན་པའི་དཀའ་ངལ་ཡོད་པའི་མང་ཚོགས་རང་འགུལ་ངང་བཙལ་ནས་རོགས་སྐྱོར་གྱི་ཁྱབ་ཁོངས་ནང་བཅུག་པ་དང་། དམངས་སྲིད་ཞབས་ཞུ་ལས་ཁུངས་དང་ལྷག་པར་དུ་དམངས་གཉེར་རྒན་གསོ་ཁང་དང་། གྲོང་གསེབ་ཀྱི་རྒན་གསོ་ཁང་། ཕན་བདེ་ཁང་བཅས་སུ་འདྲི་རྟོག་དང་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ། ཁ་གྲམ་གྱི་བསྙེན་བཀུར་མི་སྣ་དང་། ཁེར་སྡོད་རྒན་རྒོན། གཞིས་ལུས་བྱིས་པ་སོགས་དཀའ་ངལ་ཡོད་པའི་མི་ཚོགས་ལ་འཚམས་འདྲི་ཡག་པོ་བྱས་པ་དང་ཆབས་ཅིག སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་གནོད་འཚེ་ཕོག་ཡུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་དང་། ལས་རེས་ལྟ་སྲུང་ལ་ཤུགས་སྣོན། རོགས་སྐྱོར་ཐད་སྦྲེལ་ཁ་པར་ཤར་གཏོང་བཅས་བྱས་ཡོད།
            ཧྲན་ཤིས་ཏའེ་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དང་། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་སོགས་ཀྱི་འཚོ་བའི་ཁ་གསབ་ཀྱི་རོགས་སྐྱོར་མ་དངུལ་སྣ་ཚོགས་དུས་ཐོག་ཏུ་སྤྲོད་པའི་རྨང་གཞིའི་ཐོག་དགུན་ཁའི་གྱོན་གོས་སོགས་གྲབས་གསོག་དངོས་རྫས་སྤྲད་པ་དང་མི་སྣ་སྒྲིག་འཛུགས་བྱས་ནས་བྱེད་སྒོ་སྤེལ་ཡུལ་གཙོ་བོ་དང་འདུ་འཛོམས་བྱ་ཡུལ་དུ་སྐོར་ཞིབ་བྱས་ཏེ། རོགས་རམ་བྱེད་དགོས་པའི་མི་སྣར་དུས་ཐོག་ཏུ་རོགས་རམ་བརྟན་པོ་བྱས་ཡོད།
             ཧྲན་ཏུང་ཙའོ་ཀྲོང་གྲོང་ཁྱེར་ཞུའེ་ཁྲེང་ཆུས་ཀྱིས “དྲོད་འདོན་དོ་དམ་པའི”ཞུབས་ཞུ་རུ་ཁག་སྒྲིག་འཛུགས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཁྱིམ་དུ་ཞིབ་བཤེར་ཉམས་གསོ་བྱེད་པར་ཡོང་ནས་གྲོང་མིར་དྲོད་རླངས་མཁོ་འདོན་གྱི་འགན་ལེན་བྱས་ཡོད། “གྲང་ངར་ཆེ་བའི་དགུན་དུས་དྲོ་སྐྱིད་སྦྱིན”ཞེས་པའི་བྱ་སྤྱོད་སྤེལ་ནས་ཞུའེ་ཁྲེང་ཆུས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ5445ལ་དྲོད་ལེན་གྱི་ཁ་གསབ་སྒོར་ཁྲི206.19སྤྲད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི1542ལ་དྲོད་ལེན་གྱི་ཁ་གསབ་སྒོར་ཁྲི83.16སྤྲད་ཡོད།

རྩོམ་སྒྲིག་པ། དཔལ་གཡང་།