དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་དབུལ་པོ་དབུལ་རྐྱང་བསལ་བ།

རིམ་རྩིས་བྱས་ན་མི་འབོར་དབུལ་པོ་ཁྲི་13.7ཉུང་དུ་ཕྱིན་པ།

སྤེལ་དུས 2020-12-14 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
           དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ནས་ལོ་ལྔ་སོང་ཚུན། ནག་ཆུ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་དུད་ཚང་31907གྱི་མི་འབོར་དབུལ་པོ་137033ཉུང་དུ་བཏང་ནས་རྫོང(ཆུས)11ཚང་མ་དབུལ་སྒྲོལ་ཐུབ་སྟེ་ལོ་རྒྱུས་རང་བཞིན་གྱི་དབུལ་པོ་དབུལ་རྐྱང་བསལ་བ་རེད།
           ཉེ་ཆར། གསར་འགོད་པར་ནག་ཆུ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་གསལ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ནས་ལོ་ལྔ་སོང་ཚུན། ནག་ཆུ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་དུད་ཚང་31907གྱི་མི་འབོར་དབུལ་པོ་137033ཉུང་དུ་བཏང་ནས་རྫོང(ཆུས)11ཚང་མ་དབུལ་སྒྲོལ་ཐུབ་སྟེ་ལོ་རྒྱུས་རང་བཞིན་གྱི་དབུལ་པོ་དབུལ་རྐྱང་བསལ་བ་རེད།
           བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་པ་དང་། མཐོ་གྲང་གསོ་རླུང་དཀོན་པ་དང་། གནམ་གཤིས་ཆ་རྐྱེན་ཞན་པ། དབུལ་སྒྲོལ་གྱི་དཀའ་ཚད་ཆེ་བ་བཅས་ཀྱི་དབང་གིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི“འཐབ་ས་གཙོ་བོའི”གྲས་ཤིག་ཡིན། དེར་བརྟེན། ནག་ཆུ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཐོན་ལས་འཕེལ་རྒྱས་དང་། ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་སོགས་ཀྱི་དབུལ་སྒྲོལ་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས་བོད་བྱང་ཐང་གི་ལོ་ངོ་སྟོང་ཕྲག་མང་པོའི་དབུལ་ཕོངས་དང་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་བྱུང་ཡོད།
           ངོ་སྤྲོད་བྱས་པར་གཞིགས་ན། ལོ་ལྔའི་རིང་། ནག་ཆུ་གྲོང་ཁྱེར་གྱིས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་431འཆར་གཞི་བཀོད་ནས་ལག་ལེན་བསྟར་ཏེ་ཞིང་འབྲོག་པ་མང་ཚོགས་ཁྲི་30.9ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་པ་དང་། རྫོང(ཆུས)11ཚང་མར་སྣུམ་ནག་ལམ་ཤར་གཏོང་ཐུབ་ལ། 4G+དྲ་ཆེན་དྲ་རྒྱ་སྲིད་འཛིན་གྲོང་ཚོ་1164ལ་ཁྱབ་ཅིང་། བོད་དབུས་གློག་དྲ་མི་འབོར་ཁྲི་42.5ལ་ཁྱབ་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་ཕན་འབྲས་ཐོབ་པ་རེད།
           ནག་ཆུ་གྲོང་ཁྱེར་གྱི་ཧྲེ་ཀྲང་གཞོན་པ་མུའུ་ཤིང་པིན་གྱིས། ནག་ཆུ་གྲོང་ཁྱེར་གྱིས་དབུལ་པོ་བསྐྱར་ལོག་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་མུ་མཐུད་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དབུལ་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དང་ཆེ་རུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཟུང་འབྲེལ་དམ་ཚགས་ཡོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ཁྲོད་དབུལ་སྒྲོལ་ཕན་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བརྗོད། 
རྩོམ་སྒྲིག་པ། བདེ་སྒྲོལ།