ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རོལ་དབྱངས། > གཞས་པ།

སྟག་སེང་ཐར།

སྤེལ་དུས 2018-01-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། མི་གསལ།
 སྟག་སེང་ཐར།
༈ མཚམས་སྦྱོར་མདོར་བསྡུས།
     མདོ་སྨད་བོང་སྟག་ནས་འཚར་ལོངས་བྱུང་བའི་གཞས་པ་སྟག་སེང་ཐར་ནི།བོད་དབྱངས་ཀྱི་ང་རོ་ལ་དུང་ཞེན་ཟབས་ཀྱང་མི་ལོ་དགུ་ནས་བཟུང་།ཤ་ཡུ་མོ་ཤེའུ་དང་ཨ་ཁུ་པདྨ།   རི་དྭགས་སྐྱོ་གླུ་སོགས་སྐབས་དེའི་དབྱངས་སྙན་མོ་དེ་དག་དང་འགྲོགས་ནས་ཕ་ཡུལ་གྱི་རི་ལུང་སྤང་གསུམ་དུ།རེ་བ་དང་རྨི་ལམ་གྱི་འགྱུར་ཁུག་ངག་ལ་བཏགས་ནས་འབྱུང་འགྱུར་གྱི་མི་ཚེ་བཞུད་ལམ་གླུ་ཡི་ལམ་ལ་བཅོལ། གོ་བརྒྱད་ལོར་ཆེས་ཐོག་མའི་བྱིས་པའི་རྒྱང་བསྒྲགས་ལོ་གསར་དགོང་འཚོགས་ནས་འགོ་བཟུང་སྟེ།རང་གི་དགའ་ཁའི་རྨི་ལམ་ལ་དབུ་ཁྱུད་བྲིས་པ་དང་།དེ་ནས་བཟུང་སློབ་རའི་གླུ་བ་དང་ཕ་ཡུལ་མི་དམངས་ཀྱི་སེམས་ཀྱི་གླུ་བ་ཞིག་ཏུ་གྱུར།    
 
    རིམ་བཞིན་རྫོང་དང་ཁུལ་ཞིང་ཆེན།  ནང་ལོག་གི་ཧྲང་ཧེ་གྲོང་ཁྱེར་དང་པེ་ཅིན།  ཁྲིན་ཏུ་སོགས་བོད་རྒྱ་གཉིས་ཀྱི་གར་སྟེགས་ཆེ་འབྲིང་ཆུང་གསུམ་དང་།  སྐབས་གསུམ་པའི་མདོ་ཁམས་རྡུང་ལེན་འགྲན་བསྡུར། ༢༠༡༠ལོའི་མཚོ་སྔོན་བརྙན་འཕྲིན་ཁང་གི་བྱིས་པའི་སྤྲོ་འཚོགས་སོགས་ནས་རང་གི་གླུ་ངག་དང་ཚིག་དབྱངས་ཀྱི་བརྩམས་ཆོས་སོགས་བོད་ཀྱི་གླུ་གར་གར་སྟེགས་སུ་བསྐྱོད།ནང་སྒོས་སུ། གྲོགས་དབང་ཕྱུག་ཚེ་རིང་གིས་དུས་ཡིན་རིང་བོའི་རྒྱབ་སྐྱོར་འོགཀྲུང་གོའི་བོད་ཀྱི་རོལ་མའི་དྲ་བ་ནས་ཁོང་རང་གི་བརྩམས་ལ་ཚད་མཐོ་བའི་གདེང་འཇོགས་ཀྱིས་ཁོའི་གླུ་གཞས་ལ་སྔར་ལས་ལྷག་པའི་ཚེ་སྲོག་གསར་བ་བསྐྲུན།    
 
    དེ་ནས་བཟུང་སྔར་ལས་ལྷག་པའི་བརྩམས་ཆོས་འགྲེམ་སྤེལ་གྱི་ལམ་ལ་བསྐྱོད་པ་དང་།  ངལ་འབྲས་ཙམ་དུ་ཡོད་པ་རེ་ཤས་ནི།  རྒྱུད་དྲུག་དབྱངས་ཀྱི་མཆོད་པ་དང་བྱུ་རུའི་སྐེ་རྒྱན་སོགས་དང་།ཚབ་མཚོན་གླུ་གཞས་ནི།  སེམས་ཀྱི་འགྱུར་ཁུག   ཨ་ཞང་ལོ་ལོ།བོད་རེ་བ་ཅན།  སེམས་ཀྱི་འགྱུར་ཁུག་གཉིས་པ།  ཁ་བ་དང་གཞས་སོགས་གླུ་གཞས་མང་པོ་ཡོད།བོད་ལྗོངས་རོལ་མོའི་དྲ་བ་དང་། ཀྲུང་གོའི་བོད་ཀྱི་དྲ་བ། མཚོ་སྔོན་རྒྱང་བསྒྲགས་དྲ་བ།  མཚོ་སྔོན་བོད་ཡིག་ཟིན་བྲིས། ཁྱེའུ་འཕྲིན་རོལ་མོ་དྲ་བ།སྦྲ་རོག་རོག་འཕྲིན་སྟེགས་སོགས་ནས་ཁོང་གི་གླུ་གཞས་བརྩམས་ཆོས་མང་པོ་ས་བཀྲམ་རྡོ་བཀྲམ་ཏུ་གྱུར།