ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

ཁ་པར་གསར་པ་མ་བརྗེས་གོང་། ངེས་པར་དུ་འདི་ལྟར་བྱེད་དགོས་ཀྱི་འདུག

སྤེལ་དུས 2022-03-14 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
        ཁ་པར་གསར་པ་མ་བརྗེས་གོང་། སྔོན་ལ་ཁ་པར་རྙིང་པའི་ནང་གི་ཆ་འཕྲིན་སོགས་ཇི་ལྟར་གཙང་སུབ་བྱེད་དགོས་སམ་ཞེ་ན།
        01གྲངས་གཞི་གྲབས་ཉར་ཡག་པོ་བྱེད་དགོས།
        ཁ་པར་མ་བརྗེས་གོང་། ངེས་པར་དུ་སྔོན་ལ་ཁ་པར་རྙིང་པའི་ནང་གི་པར་དང་ཡིག་ཚགས་སོགས་གྲབས་ཉར་བྱས་རྗེས་སུབ་དགོས།

        02འབྲེལ་གཏུག་ཁ་པར་དང་ཆ་འཕྲིན་སོཌ་སུབ་དགོས།
        མི་སྒེར་གྱི་ཆ་འཕྲིན་དང་གསང་བ་སོགས་ཕྱིར་མི་གྱར་བའི་ཆེད། ཁ་པར་རྙིང་པའི་ནང་གི་ཆ་འཕྲིན་དང་འབྲེལ་གཏུག་ཨང་གྲངས་སོགས་གྲབས་ཉར་བྱས་རྗེས་ངེས་པར་དུ་སུབ་དགོས།

       03གཞི་གྲངས་མེད་པར་བཟོ་དགོས།   
       ཁ་པར་ལ་གཙང་བཤེར་མཉེན་ཆས་ཕབ་ལེན་བྱས་ཏེ་ཁྱོན་ཡོངས་ནས་གཙང་བཤེར་བྱེད་དགོས། ཡང་ན་ཚད་ལྡན་གྱི་ལག་ཐོགས་ཁ་པར་བསྡུ་མཁན་ནམ་ཡང་ན་ཉམས་གསོ་བྱེད་སར་ཕྱིན་ནས། ཆེད་ལས་མི་སྣས་ཁ་པར་རྙིང་པའི་གྲངས་གཞི་རྦད་དེ་མེད་པར་བཟོ་དགོས། གལ་ཏེ་ཁ་པར་ལ་གསོག་འཇོག་གཱ་ཡོད་ཚེ། གལ་འགངས་ཆེ་བའི་ཡིག་ཆ་གསོག་འཇོག་གཱ་ནང་བླུགས་ནས་ཁ་པར་གསར་པའི་ནང་བླུགས་དགོས།

 
       04བཟོ་གྲྭ་ནས་ཐོན་པའི་སྒྲིག་བཀོད་སླར་གསོ་བྱེད་དགོས།
       ཁ་པར་གྱི་གཞི་གྲངས་གྲབས་ཉར་བྱས་ནས་སུབ་དགོས་པ་མ་ཟད། ད་དུང་ཁ་པར་བཟོ་གྲྭ་ནས་ཐོན་པའི་སྒྲིག་བཀོད་སླར་གསོ་བྱས་ཏེ་གྲངས་གཞི་གཙང་མ་བཟོ་དགོས།

རྩོམ་སྒྲིག་པ། སྣང་རྡོར།