“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཆོ་ག

བྱམས་པ་གླིང་གི་མེ་ཏོག་མཆོད་པའི་མཛེས་སྡུག་ལ་མྱོང་རོལ་བྱེད།

སྤེལ་དུས 2020-01-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
         ཟླ་12པའི་ཚེས་20ཉིན། གསར་འགོད་པ་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དུ་ཡོད་པའི་དགེ་ལུགས་པའི་དགོན་སྡེ་བྱམས་པ་གླིང་དུ་བསྐྱོད་དེ། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་ལྡན་པའི་རྣམ་གྲངས་ཀྱི་མིང་གཞུང་ནང་བཅུག་པའི་བྱམས་པ་གླིང་གི་མེ་ཏོག་མཆོད་པ་བཟོ་བའི་ལག་རྩལ་ལ་བཅར་འདྲི་བྱས། 
         དགོན་པའི་གྲྭ་པས་ངོ་སྤྲོད་བྱས་པ་ལྟར་ན། གནའ་དུས་སུ་མེ་ཏོག་མཆོད་པ་ནི་བོན་བསྟན་གྱི་གཏོར་མའི་མཆོད་རྫས་ཐོག་སྦྱར་བའི་མེ་ཏོག་ཆུང་ཆུང་ཞིག་ཡིན་པ་དང་། རྒྱ་གར་གྱི་སྲོལ་རྒྱུན་ནང་བསྟན་གྱི་གོམས་སྲོལ་ལྟར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་མཆོད་རྫས་རིགས་དྲུག་(མེ་ཏོག་དང་། བྱུག་དྲི། ལྷ་ཆུ། སྤོས་དྲི། ཤིང་འབྲས། མཆོད་མེ་བཅས)ཡོད་ཅིང་། སྐབས་དེར་གནམ་གཤིས་གྲང་ངར་ཆེ་བ་དང་རྩྭ་སྐམ་པ་སོགས་ཀྱི་དབང་གིས་མེ་ཏོག་མེད་པས་མར་གྱིས་མེ་ཏོག་བཞེངས་ཏེ་ལྷར་མཆོད་པ་ཡིན། དེར་བརྟེན་ནས་སྒྱུ་རྩལ་གྱི་སྲོལ་རྒྱུན་ཆགས་པ་རེད།
         བོད་རབ་བྱུང་བརྒྱད་པ་ཆུ་ལོ་སྟེ་སྤྱི་ལོ་1463ལོར། སྟོད་ལུང་པ་ཚུལ་སྟོན་ནམ་མཁའ་འབར་བས་བྱམས་པ་གླིང་གི་མཁན་པོ་གཙོ་སྐྱོང་གནང་སྐབས། མེ་ཏོག་མཆོད་པ་བཞེངས་ཏེ་ཆོ་འཕྲུལ་སྨོན་ལམ་འཚོགས་ནས་གསོལ་འདེབས་བྱེད་ཚུལ་དར་མགོ་བརྩམས་ཤིང་། སྤྱི་ལོ་1640ལོའི་བར་དུ་ལོ་ལྟར་སྨོན་ལམ་གྱི་མེ་ཏོག་མཆོད་པ་37བཞེངས་པ་དང་། སྤྱི་ལོ1640ལོའི་རྗེས་སུ་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ལོ་རེར་སྨོན་ལམ་གྱི་མེ་ཏོག་མཆོད་པ་23བཞེངས་ནས་ཇེ་ཉུང་དུ་སོང་།

         འདི་ནི་ཚོན་རྫས་བྱུགས་ཤིང་ལས་སྣོན་བྱས་ཏེ་མདོག་བསྒྱུར་ཟིན་པའི་མེ་ཏོག་མཆོད་པ་བཟོ་བྱེད་ཀྱི་མར་རེད།
         སྤྱི་ཚོགས་དཔལ་འབྱོར་ལ་འཕེལ་རྒྱས་སོང་བ་དང་བསྟུན་ནས། རྒྱལ་ཁབ་ཀྱིས་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱས་ཤིང་། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་རྒྱལ་ཁབ་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་སེར་སྐྱ་མང་ཚོགས་རྣམས་ཧུར་ཐག་སྒོས་ཞུགས་པའི་འོག བྱམས་པ་གླིང་གི་སྨོན་ལམ་མེ་ཏོག་མཆོད་པ་བཞེངས་པའི་བཟོ་རྩལ་དེ་ཆོ་འཕྲུལ་སྨོན་ལམ་གྱི་སྲོལ་རྒྱུན་དུ་བརྩིས་ནས་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་ཐུབ་ཡོད་ཅིང་། ད་ལྟའི་བར་ལོ་རེའི་བོད་ཟླ་དང་པོའི་ཚེས་གསུམ་ནས་བཟུང་དུས་ཡུན་ཉིན་21རིང་ཆོ་འཕྲུལ་སྨོན་ལམ་ཆེན་པོ་འཚོགས་ཀྱི་ཡོད་པ་དང་། དེའི་རིང་ཚོགས་ཆེན་འདུ་ཁང་གི་མདུན་ངོས་དང་གཡས་གཡོན་དུ་ཚོན་མདོག་བྱུགས་ཤིང་རྣམ་པ་གཉིས་ལྡན་གྱི་སྨོན་ལམ་མེ་ཏོག་མཆོད་པ་ལྔ་བཤམས་པ་ཡིན།
         འདི་ནི་གྲྭ་པས་མེ་ཏོག་མཆོད་པ་བཟོ་བར་གྲ་སྒྲིག་བྱེད་བཞིན་པའི་རྣམ་པ་རེད།

         འདི་ནི་འགྲུབ་ལ་ཉེ་བའི་མེ་ཏོག་མཆོད་པ་ཆེ་གྲས་ལ་བརྒྱན་གཏོང་བྱེད་ཀྱི་མེ་ཏོག་མཆོད་པ་ཆུང་ངུའི་རིགས་རེད

         འདི་ནི་གྲྭ་པས་ཡུལ་དངོས་སུ་མེ་ཏོག་མཆོད་པ་བཟོ་བཞིན་པའི་རྣམ་པ་རེད།  
         མར་ཞུ་སླ་བའི་རྐྱེན་གྱིས།  མེ་ཏོག་མཆོད་པ་བཟོ་བའི་ཁང་པ་ཧ་ཅང་འཁྱགས་པ་དང་། དགུན་ཁར་ཡང་དྲོད་ལེན་མི་ཆོག་པར་མ་ཟད། གྲྭ་པས་མེ་ཏོག་མཆོད་པ་བཞེངས་སྐབས་ད་རུང་ལག་པ་གཉིས་མཚམས་མི་ཆད་པར་ཆུ་གྲང་མོའི་ནང་སྦངས་ཏེ་ལག་པའི་དྲོད་གྲང་ཇེ་དམའ་རུ་བཏང་ནས་མེ་ཏོག་མཆོད་པའི་དབྱིབས་མི་འགྱུར་བར་བྱེད་དགོས། 

         འདི་ནི་མཆོད་ཁང་དུ་བཤམས་པའི་མེ་ཏོག་མཆོད་པ་རེད།
         མེ་ཏོག་མཆོད་པས་གཏམ་རྒྱུད་ཅིག་བཤད་ཆོག་ལ།ལོ་རྒྱུས་ཀྱི་གཏམ་རྒྱུད་དང་མི་སྣའི་རྣམ་ཐར་སོགས་མེ་ཏོག་མཆོད་པ་བརྒྱུད་ནས་མངོན་ཐུབ།
རྩོམ་སྒྲིག་པ།སྣང་རྡོར།