དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཟས་མཆོག

ཇུ་ཐིག་ཅེས་པ་ནི་འདི་འདྲ་ཞིག་རེད་འདུག

སྤེལ་དུས 2020-12-25 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ།
         ཇུ་ཐིག་ལ་བརྟེན་ནས་མོ་འདེབས་སྤྱད་ཀྱི་མོ་ཆས་སྣ་ཚོགས་ལ་གོ་དགོས་པ་ཞིག་དང་། ཇུ་ཐིག་ལ་བརྟེན་ནས་མོ་འདེབས་པའི་འབྲས་བཤད་ཀྱི་མོ་གཞུང་ལ་གོ་དགོས་པ་ཞིག་བཅས་ཡོད། དཔེར་ན། བྱ་དྲུག་ལ་བརྟེན་ནས་མོ་འདེབས་པའི་ཡོ་བྱད་ཕྲེང་རྡོག་དྲུག་ཡོད་པ་དེ་ལས། ཕྲེང་རྡོག་ཁྲ་བོས་སྐྱ་ཀ་དང་། སྔོ་སངས་ཀྱིས་ཕུག་རོན། ལྗང་ཁུས་ནེ་ཙོ། ནག་པོས་ཕོ་རོག དཀར་པོས་ཁྲུང་ཁྲུང་། སེར་པོས་ངང་པ་མཚོན་པ་ཡིན་ཟེར་བའི་ཕྲེང་རྡོག་ལྕགས་སྐུད་ཐོག་བརྒྱུས་པ་ཞིག་དང་། དེའི་མོ་གཞུང་བཅས་ཀྱང་མཐོང་མྱོང་བ་དེ་ཇུ་ཐིག་གི་གྲས་ཤིག་ཡིན་ཚོད་འདུག《རྦ་བཞེད》ཀྱི་ནང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་སང་ཤིས་དང་རྦ་གསལ་སྣང་གཉིས་ཐང་གི་གོང་མར་མཚམས་འདྲི་ཞུ་བར་བཏང་སྐབས་གོང་མའི་མདུན་དུ་ཇུ་ཞག་ལ་བརྟེན་ནས་མོ་འདེབས་མཁན་གྲྭ་པ་དེ་འདྲ་ཡོད་ལུགས་བཤད་འདུག་པ་རྒྱ་ནག་གི་བོན་པོའི་རིགས་ཤིག་ཡིན་ནམ་བརྟག ཇུ་ཐིག་ལ་བརྟེན་ནས་མོ་འདེབས་པའི་གཞུང་དེང་སང་མཐོང་རྒྱུ་ཡོད་པ་ནི་སྡེ་དགེ་མི་ཕམ་རིན་པོ་ཆེའི་གསུང་འབུམ་པོད[ཇ]པའི་ནང《ཞང་ཞུང་སྲིད་པ་འཕྲུལ་གྱི་ཇུ་ཐིག་གི་དཔྱད་དོན་སྣང་གསལ་སྒྲོན་མེ》ལེ་ཚན་གཉིས་ལ་ཤོག་གྲངས༤༢༧ཙམ་ཡོད་པ་དེར་གཟིགས།
ཡོང་ཁུངས། དུང་དཀར་ཚིག་མཛོད་ཆེན་མོ།