དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཚ་ཤོས།

ད་ལོའི་རྗེ་སྐུ་འབུམ་དགོན་གྱི་མེ་ཏོག་མཆོད་པ།

སྤེལ་དུས 2021-03-01 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ།

          ཨ་མདོ་རྗེ་སྐུ་འབུམ་དགོན་གྱི་མེ་ཏོག་མཆོད་པ་ནི་ལོ་རེའི་ཧོར་ཟླ་དང་པོའི་ཚེས་བཅོ་ལྔའི་མཚན་མོར་ཡིན་ལ། དགོན་པའི་གྲྭ་བཙུན་རྣམས་ཀྱིས་འབྲི་མར་སེར་བོ་ལ་བརྟེན་ནས་སྐྱེས་རབས་དང་རྣམ་ཐར། རྟོགས་བརྗོད་སོགས་ཀྱི་སྐུ་བརྙན་བཞེངས་པའི་ཐུན་མོང་མ་ཡིན་པའི་ལག་ཤེས་སྒྱུ་རྩལ་ལ་མཇལ་བའི་དུས་ཆེན་ཞིག་ཡིན།
          ལོ་རེའི་རྒྱ་ལོ་ཐོན་ལ་ཉེ་བའི་ལོ་རྙིང་གི་སྐབས་སུ། དགོན་པའི་ནང་ཆེད་དུ་མཆོད་མར་མེ་ཏོག་བཞེངས་བའི་སྡེ་ཁག་སྟེ་མཆོད་རྒྱན་གླིང་གོང་མ་དང་ཞོལ་མ་གཉིས་རྩ་འཛུགས་བྱེད་ཅིང་གླིང་དེ་གཉིས་ཕན་ཚུན་འགྲན་རྩོད་སྒོས་མཆོད་མར་མེ་ཏོག་གི་བཟོ་རྩལ་སྔར་ལས་ཇེ་ལེགས་སུ་གཏོང་བཞིན་ཡོད་པ་དང་། འདི་ནི་རྒྱ་ལོའི་སྨོན་ལམ་ཆེན་མོར་མཆོད་མཇལ་བྱེད་པའི་སྐུ་འབུམ་དགོན་གྱི་ཆོས་ལུགས་ཆོ་ག་གཙོ་བོ་ཞིག་ཡིན། དེ་ཡང་མཆོད་མར་མེ་ཏོག་གི་ཇུས་འགོད་དང་བཟོ་སྐྲུན་སོགས་ནི་གནའ་ནས་བཟུང་དགེ་རྒན་ནས་སློབ་མར་བརྒྱུད་སྤྲོད་གནང་བའི་སྲོལ་བཟུང་ཡོད་པ་རེད། དེའི་བཟོ་བཀོད་ཐད་ཆ་ཚང་བའི་སྒྲིག་གཞི་དང་ཚན་རིག་གི་གོ་རིམ་ལྡན་ཏེ། སྐུའི་ཐིག་རྩ་དྲང་ཞིང་ཞིབ་ཚགས་ཆེ་བ་དང་། ཁ་དོག་བཀྲ་བ། རྣམ་པ་གསལ་བ། བརྗོད་བྱ་སྣ་མང་ཞིང་རྒྱབ་ལྗོངས་མཛེས་སྡུག་ལྡན་པ་སོགས་ཁྱད་ཆོས་འཛོམས་པའི་ལག་ཤེས་མཆོག་གྱུར་ཞིག་ཏུ་གྲུབ་ལ། ཐིག་རྩ་རིག་པ་དང་ཚོན་མདོག་རིག་པ། རྒྱན་སྤྲོས་རིག་པ། བརྐོས་བཀྲོལ་རིག་པ་སོགས་ཆུ་ཚད་མཐོ་བ་ལས་གཞན་ད་དུང་དེ་ལ་ཆོས་ལུགས་རིག་པ་དང་། དམངས་སྲོལ་རིག་པ། ལོ་རྒྱུས་རིག་པ་སོགས་ཀྱི་རིན་ཐང་ཆེན་པོ་ལྡན་པ་ཡིན།

རྩོམ་སྒྲིག་པ། སྣང་རྡོར།