ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཚ་ཤོས།

ཀན་ལྷོ་བོད་རིཊ་རང་སྐྱོང་ཁུལ་དབུ་བརྙེས་པའི་ཚོཊ་ཆེན་སྐོང་འཚོཊ་བྱས།

སྤེལ་དུས 2023-08-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
         སྤྱི་ཟླ་8པའི་ཚེས་10ཉིན་གྱི་སྔ་དྲོ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དེ་གཙོད་གྲོང་ཁྱེར་དུ་གཟབ་རྒྱས་ངང་སྐོང་འཚོགས་བྱས་པ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་གནང་ཡོད།

         ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ་དང་ཀན་སུའུ་ཞིང་ཆེན་གྱི་རྟེན་འབྲེལ་ཚོགས་པའི་ཚོགས་གཙོས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་དང་འཕྲིན་ཡིག་སྒྲོག་སྦྱང་གནང་བ་རེད། 
         དར་མཚོན་སྣ་ལྔ་ལྷབ་ལྷུབ་གཡོ། མེ་ཏོག་སྣ་བརྒྱ་གང་སར་བཞད། གཙོད་གྲོང་ཁྱེར་གྱི་ཁོ་ར་ཁོར་ཡུག་ཀུན་ཏུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། དུང་ཕྲུག་རྩྭ་ཐང་ཐོག་གཟབ་མཆོར་ལེགས་པར་སྤྲས་པའི་མི་རིགས་ཁག་གི་མང་ཚོགས་ཚོས་གླུ་ལེན་གར་འཁྲབ་ལ་རོལ་བཞིན་མཆིས། 

         སྔ་དྲོའི་ཆུ་ཚོད་10པར་རྟེན་འབྲེལ་ཚོགས་ཆེན་འགོ་ཚུགས་ཤིང་། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་རྒྱལ་གླུ་བླངས་བ་དང་། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་སྒྲེང་ཡོད།
         ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པ་དང་ཀན་སུའུ་ཞིང་ཆེན་གྱི་རྟེན་འབྲེལ་ཚོགས་པས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་སྦྱང་གནང་བ་དང་ཆབས་ཅིག་གསུང་བཤད་ཀྱང་གནང་ཡོད། 

         རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྲོལ་རྗེས། ཚོགས་ཞུགས་འགོ་ཁྲིད་དང་སྐུ་མགྲོན་གྱིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་རིག་རྩལ་འཁྲབ་སྟོན་ལ་གཟིགས་གནང་ཡོད།

         རྟེན་འབྲེལ་ཚོགས་ཆེན་མ་འཚོགས་གོང་། ཚོགས་ཞུགས་འགོ་ཁྲིད་དང་སྐུ་མགྲོན་གྱིས་ད་དུང《འོད་སྟོང་འབར་བའི་ཀན་ལྷོ》ཞེས་པའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་སྤེལ་རེས་འགྲེམས་སྟོན་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་བཙུགས་པའི་ཀན་ལྷོའི་སློབ་གསོའི་ལག་ལེན་ཁང་བཅས་ལ་གཟིགས་སྐོར་གནང་བ་རེད། 

རྩོམ་སྒྲིག་པ། སྣང་རྡོར།