དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

རྫོགས་ཆེན་ཞལ་འབག

སྤེལ་དུས 2021-03-01 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ།

       རྫོགས་ཆེན་ཞལ་འབག་ལ་རྫོགས་ལུགས་ཞལ་འབག་ཟེར། ཞལ་འབག་ལ་ལྷ་འབག་དང་། དྲེགས་པ། དྲེགས་པའི་འཁོར་དང་སྲུང་མའི་འབག ཡུལ་ལྷ་དང་གཞི་བདག་གི་འབག གླིང་གེ་སར་དང་དཔལ་ཐུལ།  མ་སྲུ་མོ་སྨན་གྱི་འབག   རི་དྭགས་དང་གཅན་གཟན་གྱི་འབག་སོགས་རིགས་མི་འདྲ་བའི་འབག་ཁ་ཤས་འདུག  དེའི་ནང་དུ་འབག་གསར་བ་དང་། རྙིང་པ།  གསེར་འབག་སོགས་རྒྱུ་ཆ་མི་འདྲ་བའི་འབག་ཀྱང་འདུག  

       དགོན་པའི་ཞལ་འབག་འཅའ་བའི་ལག་ཤེས་དང་། འབག་འཆམ་གྱི་ལུགས་འདི་ཐོག་མར་དུས་རབས་ནམ་ཙམ་ཞིག་ནས་དར་ཡོད་པ་ཁ་ཚོད་ཆོད་པོའི་བཤད་ཐུབ་མཁན་ཞིག་མི་འདུག་ཀྱང་། དུས་རབས་བཅོ་བརྒྱད་པའི་མཇུག་དང་བཅུ་དགུའི་དུས་མགོ་ཡར་མར་ཞིག་ལ།  རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་སྐུ་དུས་སུ།  ཕུར་ཆེན་འབག་འཆམ།  གླིང་གི་དཔལ་ཐུལ་སུམ་ཅུའི་འཁོར་ཚོགས་དང་། ཕ་ཁུ་རྒན་རབས། མ་སྲུ་མོ་སྨན། གླིང་ལྷ་ཝེར་མ་དང་བཅས་པའི་ཞལ་འབག་བཅས་ཏེ་འབག་འཆམ་གྱི་སྲོལ་གཏོད་པ་ནས།  བོད་ཡུལ་གྱི་ས་ཆ་སོ་སོར་གེ་སར་གར་འཆམ་དང་། འབག་འཆམ་གྱི་ལུགས་དེ་དར་ཁྱབ་ཆེན་པོ་སོང་ཡོད་པ་ཞིག་རེད།   

 

 

      རྫོགས་ལུགས་ཞལ་འབག་འདི་ནི་ས་ཆ་གཞན་གྱི་ཞལ་འབག་དང་མི་འདྲ་བའི་མཛེས་རྩལ་དང་།  བརྗིད་ཉམས། ཐིག་རྩ་སོགས་ཀྱི་ཁྱད་ཆོས་ཞིག་ཡོད་པ་ནི་ལྟ་བ་པོའི་མིག་ལ་མཛའ་ཞིང་།  ཞི་དྲག་གི་ཉམས་འབུར་དུ་དོད་པ། དྲག་པོའི་ཞལ་འབག་མཇལ་ན་སྐྲག་སེམས་སྐྱེ་བ་ཞིག་དང་།  ཞི་བའི་ཞལ་འབག་གིས་ཞི་ལྷོད་ཀྱི་འཛུམ་ཆུང་ཞིག་རང་བཞིན་གྱིས་ཁྱེར་འོང་བ་ཞིག་ཡིན།   དུས་ཕྱིས་དགོན་ཁག་མང་པོས་རྫོགས་ཆེན་ཞལ་འབག་ལ་དཔེ་ལྟ་བྱས་ནས་བཅས་བཟོ་བྱས་ཡོད་པ་དང་། རྫོགས་ཆེན་གྱི་ལྷ་བཟོ་གདན་ཞུ་བྱས་ནས་རྫོགས་ཆེན་དགོན་པའི་ཞལ་འབག་འདྲ་བཟོ་བྱས་པ་སོགས་ནི་དགོན་པ་ཁག་དང་།  མི་སྒེར་གྱི་མཆོད་ཁང་། དེང་དུས་ཀྱི་བཤམས་སྟོན་ཁང་སོགས་སུ་མཇལ་རྒྱུ་ཡོད་པ་མ་ཚད། རྩ་ཆེན་གྱི་རིན་པོ་ཆེ་ཞིག་ལས་ལྷག་པའི་རིན་བྲལ་གྱི་རིག་གནས་འདི་ལ་སྤྱི་སྒེར་གཉིས་དང་།  གཞུང་སྲིད་གང་ཡིན་ཡང་རིག་གནས་ལ་རིག་གནས་ཀྱི་རིན་ཐང་ཞིག་སྤྲོད་དགོས་པ་མིན་ནམ།
རྩོམ་སྒྲིག་པ། སྣང་རྡོར།