དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

རོགས་སྐྱོར་གྱི་ཕྱག་ཟུང་བརྐྱངས། འཕེལ་རྒྱས་ཀྱི་གཤོག་ཟུང་བསྒར།

ཧོ་པེའི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་ལས་དོན་སྐོར་གྱི་དངོས་བྲིས།

སྤེལ་དུས 2020-11-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

འདི་ནི་དགེ་སློབ་ཚོ་རྡོག་ཐོན་མ་བྱས་གོང་བརྒྱབ་པའི་མཉམ་པར་ཡིན་པ།
          ཧོ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་རྒྱབ་སྐྱོར་ཤུགས་ཆེན་འོག་ལྷ་སའི་མངའ་རིས་ཧོ་པེ་ཆ་ཚང་སློབ་འབྲིང་གིས་དམའ་རིམ་དང་མཐོ་རིམ་གྱི་ཚན་ཁག་སོ་སོའི་སློབ་ཁྲིད་དགེ་རྒན་11དང་མཐོ་རིམ་ལོ་རིམ་གཉིས་པའི་རིག་གནས་ཚན་ཁག་འཛིན་གྲྭའི་སློབ་མ་35ཧྲག་འདེམས་བྱས་ཏེ། ཀྲུང་གོའི་སློབ་འབྲིང་རྩེར་སོན་བརྒྱའི་གྲས་ཏེ་ཧན་ཏན་གྲོང་ཁྱེར་གྱི་སློབ་འབྲིང་དང་པོར་བསྐྱོད་དེ་སློབ་གྲྭའི་དབར་སློབ་དཔྱོད་དང་སློབ་སྦྱོང་གི་སྤེལ་རེས་བྱེད་སྒོ་སྤེལ་ཞིང་།
          2019ལོའི་ཟླ་བདུན་པར་བོད་ལ་སླེབས་པ་ནས་བཟུང་། ཧོ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་ཧོ་པེ་ཞིང་ཆེན་དང་། ཞིང་ཆེན་སྲིད་གཞུང་། མངའ་རིས་ས་ཨུད། སྲིད་འཛིན་ཀུང་ཧྲུའུ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དཀའ་ངལ་ལ་མི་སྐྲག་པ་དང་། བྱས་རྗེས་འཇོག་ཕོད་པ། དངོས་འཛིན་དངོས་སྒྲུབ། གསར་གཏོད་ཧུར་ཐག་བཅས་བྱས་ཏེ། མངའ་རིས་ས་ཁུལ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་འཛད་མེད་བསྣན་ནས་འཕེལ་རྒྱས་ཀྱི་གཤོག་ཟུང་རྒྱས་ཐུབ་ཡོད།
          དངོས་སྒྲུབ་ལས་བརྩོན་བྱས་ནས། མངའ་རིས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པ།
          ཧོ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པ་བོད་ལ་སླེབས་པ་ནས་བཟུང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལས་དོན་གྱི་རྒྱུན་བསྐྱངས་པ་དང་། ལོ་ལྔ་ཚན་བཅུ་བཞི་པའི”འཆར་གཞི་འགོད་འགོ་བརྩམས་ཏེ། སྔ་བར་ཕྱི་གསུམ་དུ་རྣམ་གྲངས་ཐད་ཀར་འབྲེལ་བ་ཆེ་ཤོས་དང་ཕན་པ་ཆེ་ཤོས་ཀྱི་རོགས་སྐྱོར་བྱེད་ཐབས་ཤིག་ཏུ་བརྩིས་ནས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་དམ་འཛིན་ནན་པོ་བྱས་ཡོད།
          རྣམ་གྲངས་ལ་དམ་འཛིན་བྱས་ནས་སྐུལ་སྤེལ་བཏང་བ། “ཟླ་ཕྱེད་རེར་བཀོད་གཏོང་རེ་བྱེད་པའི”རྣམ་གྲངས་སྐུལ་སྤེལ་ལས་དོན་གྱི་འཆར་ཅན་ཚོགས་འདུའི་ལམ་ལུགས་བཟོས་ཤིང་། མིག་སྔའི་བར། བོད་སྐྱོར་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རིང་རྣམ་གྲངས་47ལ་ཆོག་མཆན་སྤྲད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་8.1བཏང་བ་དང་། འདི་ལོ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་རིགས་ཀྱི་རྣམ་གྲངས་29ལེགས་གྲུབ་བྱེད་པར་ཁྱོན་དངུལ་སྒོར་དུང་ཕྱུར་2.4བཏང་བ་མ་ཟད། མིག་སྔར་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
          རྣམ་གྲངས་ཀྱི་དོ་དམ་ལེགས་སུ་བཏང་བ། རྣམ་གྲངས་ཁག་གཅིག་ལ་མ་དངུལ་གཏོང་ཕྱོགས་བསྒྱུར་ནས“རུ་ཐོག་རྫོང་མཚོ་མོ་ངང་ལ་རིང་མོའི་ཡུལ་སྐོར་དབུལ་སྐྱོར་མཛེས་ལྗོངས་ཁུལ་གཏོད་པའི་ལས་གྲྭ”དང་། “མཐོ་གྲང་དུ་འཚར་བའི་རྩྭ་མདའ་རྫོང་གི་ཤིང་སོན་འདེབས་འཛུཌ་ར་བ”སོཌ་རྣམ་གྲངས་བརྒྱད་ཀྱི་མ་དངུལ་བསྡུ་སྒྲིལ་བྱས་ནས་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་སྔར་བས་མཐོ་རུ་བཏང་བ་རེད།
          འཆར་གཞིར་མ་ཚུད་པའི་མ་དངུལ་བེད་ཡག་པོ་བྱས་པ། 2019ལོར། ཧོ་པེ་ཞིང་ཆེན་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་1000རྒྱབ་སྐྱོར་བྱས་པ་དེ་རྩྭ་མདའ་རྫོང་མི་དམངས་སྨན་ཁང་བསྐྱར་སྐྲུན་རྒྱས་སྐྲུན་གྱི་རྣམ་གྲངས་ལ་བཏང་བ་དང་། རྣམ་གྲངས་དེ་ན་ནིང་གི་ཟླ་དྲུག་པའི་མཇུག་ཏུ་ལས་འགོ་ཚུགས་ནས་ད་ཆ་ལས་མཇུག་འགྲིལ་བའི་མཚམས་སུ་སླེབས་པ་དང་། སྒོར་ཁྲི་7000རྒྱབ་སྐྱོར་བྱས་ནས་རྩྭ་མདའ་རྫོང་རྩ་ཧྲེང་གྲོང་ཚོའི་ཡུལ་སྐོར་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་གཉེར་ཏེ་ཁང་པ་79བརྒྱབ་པ་ཚང་མ་ལས་མཇུག་འགྲིལ་ནས་གནས་སྤོ་གནས་སྡོད་ཟིན་པ། སྒོར་ཁྲི་7000རྒྱབ་སྐྱོར་བྱས་ནས་རུ་ཐོག་རྫོང་གི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་རྣམ་གྲངས་ལ་བཏང་སྟེ། དུས་ཐེངས་དང་པོ་2019ལོའི་ཟླ་10པར་རྩིས་སྤྲོད་བེད་སྤྱོད་བྱས་ཟིན་པ་དང་། དུས་ཐེངས་གཉིས་པའི་མ་ཁང་གི་ཐོག་བཀབ་ཟིན་ནས་འདི་ལོ་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད། གཞན་ཡང་། ཧྲེ་ཅ་ཀྲོང་གྲོང་ཁྱེར་གྱིས་ད་དུང་མ་དངུལ་འཕར་མ་སྒོར་ཁྲི་1000བཏང་ནས་རྩྭ་མདའ་རྫོང་མཁར་གྱི་ཆུ་ཚོད་24རིང་ཆུ་མཁོ་སྤྲོད་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྩིས་ཡོད་པ་རེད།
          ཡུལ་བབ་དང་བསྟུན་ནས། ཧོ་པེའི་བོད་སྐྱོར་གྱི་སྤུས་རྟགས་བཏོད་པ།
          ལས་དོན་རུ་ཁག་གིས་མངའ་རིས་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་རྟོགས་ངང་མངའ་རིས་ས་ཁུལ་གྱི་རང་བརྟེན་ནུས་པ་ཆེ་རུ་གཏོང་བའི་ཁ་གཏད་རོགས་སྐྱོར་བྱེད་སྟངས་འཚོལ་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཐོན་ལས་ལ་བརྟེན་ནས་བོད་སྐྱོར་བྱ་རྒྱུ་དེ“ཉ་སྟེར་བ་ལས་འཛིན་སྟངས་སློབ་པ་དགའ་བའི”ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ནས་གནད་སྨིན་ཤུགས་འདོན་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
          ཧོ་པེ་ཞིང་ཆེན་ཡུལ་སྐོར་ཐིང་གིས་མངའ་རིས་ས་ཁུལ་གྱི“ལོ་ལྔ་ཚན་བཅུ་བཞི་པའི”ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་གཞི་རྩོམ་འགོ་ཚུགས་ནས་མ་ཟིན་བྲིས་ཟིན་པ་དང་། བོད་ལྗོངས་ཡུལ་སྐོར་མ་འཇོག་ཚོགས་པ་དང་རང་འགུལ་ངང་འབྲེལ་མཐུད་བྱས་ནས་མ་དངུལ་སྒོར་དུང་ཕྱུར་1.2ནང་འདྲེན་བྱས་ཏེ། གུ་གེ་རྒྱལ་རབས་ཀྱི་རྗེས་ཤུལ་མཛེས་ལྗོངས་རིམ་སྤོར་ལ་བཏང་བ་མ་ཟད། གུ་གེ་རྒྱལ་རབས་སྤྲོ་གསེང་མགྲོན་ཁང་ཡང་ལེགས་གྲུབ་ལྡན་པའི་ངང་ལས་གཉེར་ཐུབ་པ། ཐོ་འགོད་མ་དངུལ་སྒོར་ཁྲི་3000ཟིན་པའི་མངའ་རིས་ས་ཁུལ་གྱི་འཕོ་འགྱུར་ཡུལ་སྐོར་ཀུང་སི་བདེ་བླག་ངང་འཛུགས་རྒྱུར་མཐུན་སྦྱོར་སྐུལ་འདེད་ཐུབ་པ་བཅས་རེད།
          མངའ་རིས་ས་ཁུལ་དང་ལྷག་པར་དུ་རུ་ཐོག་རྫོང་གི་རའི་ཁུ་ལུའི“སྤུས་ཀ་དག་ཀྱང་རིན་གོང་མཐོ་བ”དང“ཁུ་ལུ་ཞན་ཚེ་འབྲོག་པར་འབབ་འཕར་མེད་པ”སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། ཧོ་པེ་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་སོགས་ཚན་པ་དང་ངོ་འཕྲད་གྲོལ་མོལ་ཐེངས་མང་བྱས་པ་ལས་ར་ལུག་གི་རྒྱུད་པ་ལེགས་སུ་གཏོང་རྒྱུ་སོགས་ཀྱི་ཕྱོགས་མང་པོར་རྒྱབ་སྐྱོར་ཤུགས་ཆེན་ཐོབ་སྟེ། རུ་ཐོག་རྫོང་དང་་ཆིང་ཧོ་རྫོང་སྲིད་གཞུང་དང་ཆིང་ཧོ་རྫོང་རའི་ཁུ་ལུ་མཐུན་ཚོགས་དབར་ཕྱོགས་གསུམ་གྱི་མཉམ་ལས་གྲོས་མཐུན་འཇོག་རོགས་བྱས་པས། ཐོན་ལས་དང་། བྲིན་ཚོང་། ལས་སྣོན། བསྡུ་འགྲེམ། དྲ་ཐོག་ཚོང་པ་འགུགས་པ། སྤུས་རྟགས་གཏོད་པ་སོགས་ཐོན་ལས་འཁོར་འབྲེལ་གྱི་འཐབ་ཇུས་མཉམ་ལས་ཤིག་ཆགས་ཡོད། མིག་སྔར་རྫོང་དེས་ཆེད་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་རའི་ཁུ་ལུའི་ཐོན་ལས་མཉམ་ལས་སྤྱི་ཁྱབ་ཁང་གིས་གཙོ་བོར་བྱས་པའི་ཉོ་སྒྲུབ་དང་བྲིང་ཚོང་བྱེད་སྟངས་གསར་རྐྱང་ཞིག་བཏོད་ཡོད།
          ལས་དོན་རུ་མི་ཡོངས་སྐུལ་སློང་བྱས་ནས“ལས་མི་ཡོངས་ཀྱིས་ཚོང་འགུགས”ཀྱི་ལས་དོན་སྤེལ་ཏེ་ཁེ་ལས་34དང་འབྲེལ་མཐུད་ཀྱིས་ངོ་འཕྲད་གྲོས་མོལ་བྱས་པ་དང་། ཁེ་ལས་3ལ་རྣམ་གྲངས་དོན་འཁྱོལ་གྱི་སྐུལ་འདེད་བཏང་བ། ཁེ་ལས་12དང་འདོད་མཐུན་བཞག་པ་མ་ཟད། མངའ་རིས་ས་ཁུལ་དང་གཙང་ཆིང་བཟོ་ལས་གླིང་དབར“ས་ཁོངས་སྒྲོལ་བའི་དཔལ་འབྱོར”གྱི་མཉམ་ལས་གྲོས་མཐུན་ལ་གྲུབ་འབྲས་ལྡན་པའི་ངང་སྐུལ་འདེད་བཏང་བས་མངའ་རིས་ས་ཁུལ་གྱི་ཚོང་འགུགས་མ་འདྲེན་ལ་ཚད་བརྒལ་བྱུང་ཡོད།
          བརྩེ་བ་ཆེན་པོས་མཉམ་འགུལ་བྱས་ནས། ཧོ་པེ་དང་མངའ་རིས་དབར་སྤེལ་རེས་དང་མཉམ་འདྲེས་ཟབ་མོ་བྱས་པ།
          ལས་དོན་རུ་ཁག་གིས་སྤེལ་རེས་དང་འགྲོ་འོང་བྱ་རྒྱུ་དེ་ཧོ་པེ་དང་མངའ་རིས་ས་ཁུལ་གཉིས་ཀྱི་མི་དམངས་དབར་གྱི་བརྩེ་བ་ཟབ་ཏུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་བྱེད་སྟངས་གལ་ཆེན་ཞིག་ཏུ་བརྩིས་པའི་ཁར་མངའ་རིས་ས་ཁུལ་གྱི་དམངས་འཚོའི་གཙོ་གནད་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་གླེང་ཆེ་བའི་གནད་དོན་ལ་བསྡིགས་ཏེ་དམིགས་ས་ཡོད་པའི་ཐོག་ནས་ཕན་ཚུན་སྤེལ་རེས་དང་འགྲོ་འོང་བྱས་ཡོད།
          འདི་ལོའི་ལོ་འགོའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཧོ་པེའི་རང་ངོས་ཀྱི་རིམས་འགོག་ཐོན་ཁུངས་ཁ་ཐང་བའི་གནས་ཚུལ་འོག་ལས་དོན་རུ་ཁག་གིས་ཧོ་པེ་ཞིང་ཆེན་གྱི་འབྲེལ་ཡོད་ཚན་པ་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་ཐོན་ཁུངས་སྤྱི་འདོམས་བྱས་ཏེ་ཁ་རས་དང་འགོག་སྲུང་གྱོན་ཆས་སོགས་རིམས་འགོག་གི་དངོས་ཟོག་ཏུན་23.4གྲབས་གསོག་བྱས་ཏེ་དུས་ཐོག་ཏུ་མངའ་རིས་ས་ཁུལ་ལ་རོགས་སྐྱོར་བྱས་པ་མ་ཟད། སྨན་དོན་ཤེས་ལྡན་པ་10ཡིས་ངལ་གསོའི་དུས་ཚོད་བློས་བཏང་སྟེ་ལས་གནས་ཐོག་ལོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལྷུ་ཚིགས་ཚང་མར་ཧུར་ཐག་ཞུགས་པ་རེད།
          བདེ་ཐང་གི་མངའ་རིས་བསྐྲུན་རོགས་བྱ་ཆེད་ལས་དོན་རུ་ཁག་གིས་ཧོ་པེ་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་དང་མཐུན་སྦྱོར་བྱས་ཏེ་མངའ་རིས་ས་ཁུལ་གྱི་སྨན་རྩིས་ཁང་ལ་སྒོར་ཁྲི་20རི་བའི་རྒྱང་ཁྲིད་སྨན་བཅོས་ནད་དཔྱད་སྒྲིག་བཀོད་ཞལ་འདེབས་བརྒྱབ་པས་དྲ་ཐོག་ནས་རྒྱལ་ཡོངས་ཀྱི་སྨན་ཁང་གྲགས་ཅན་300ལྷག་ཙམ་དབར་རྒྱང་ཁྲིད་གསོ་སྦྱོང་དང་ནད་དཔྱད་བྱ་རྒྱུ་མངོན་འགྱུར་བྱུང་ཡོད།
          སློབ་གསོའི་རོགས་སྐྱོར་གྱི་འཐབ་ཇུས་ལམ་སྲོལ་དང“གཅིག་རེ་གསུམ་གྱི་སློབ་གསོའི་རོགས་སྐྱོར་ཞབས་ཞུའི་འདུ་འགོད”སོགས་ཀྱི་དོན་གནད་ཐད་ཧོང་ཧྲུའེ་དང་། ཧན་ཏན། ཐང་ཧྲན་བཅས་ཀྱི་ལས་རིགས་ལག་རྩལ་སློབ་གྲྭ་སོཌདབར་འབྲེལ་མཐུད་བྱས་ཤིང་། ཐང་ཧྲན་གྲོང་ཁྱེར་གྱིས་ཆེད་མངཌ་རུ་ཐོག་རྫོང་གི་སློབ་གྲྭ་འབྲིང་ཆུང་གི་རྒྱང་ཁྲིད་སློབ་གསོའི་ལས་སྟེཌ་ཤར་གཏོང་བྱས་ནས་རུ་ཐོག་རྫོང་གི་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་རོཌ་བྱས་པ་མ་ཟད། ཧོ་པེའི་རོཌ་སྐྱོར་བྱ་ཡུལ་ལྷ་སའི་མངའ་རིས་ཧོ་པེ་ཆ་ཚང་སློབ་འབྲིང་ལ“ཚོཌ་ཁྲིད་རྣམ་པའི”སློབ་ཁྲིད་བོད་སྐྱོར་དགེ་རྒན་20བདམས་ནས་རྐང་འཛིན་སྟོབས་ཤུཌ་ལེཌ་འདེམས་ཧྲག་སྒྲིག་བྱས་ཏེ་དགེ་རྒན་དཔུང་ཁག་གི་སྟོབས་ཤུཌ་ཆེ་རུ་བཏང་བ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།