ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

ཅང་སུའུ་ཡིས་རིམ་པ་མང་བའི་བོད་སྐྱོར་གྱི་བཀོད་པ་གསར་པ་བཏོད་པ།

སྤེལ་དུས 2021-11-10 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          1995ལོ་ནས་བོད་ལྗོངས་ལྷ་སར་ཁ་གཏད་རོགས་སྐྱོར་བྱས་ཚུན། ཅང་སུའུ་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་ཁག་10ལ་ལས་བྱེད་པ་དང་ཤེས་ལྡན་པ་877མངགས་པ་དང་། ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་61.3བཏང་བ། བོད་སྐྱོར་རྣམ་གྲངས་657ལག་ལེན་བསྟར་བ་བཅས་བྱས་ཏེ་ཁྱོན་ཡོངས་དང་། ཁྱབ་ཁོངས་ཡངས་པ། རིམ་པ་མང་བ་བཅས་ཀྱི་བོད་སྐྱོར་བཀོད་པ་གསར་པ་ཞིག་བཏོད་པ་རེད།
          ཟླ་11ཚེས་2ཉིན་ལྷ་སར་ཅང་སུའུ་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་མཉམ་ལས་ལས་དོན་འགོ་ཁྲིད་མཐུན་སྦྱོར་ཚོགས་ཆུང་གི་ཁོངས་མི་ཝང་ཀྲི་ཀྲུང་གིས། ཁ་གཏད་བོད་སྐྱོར་བྱས་ཚུན། ཅང་སུའུ་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་བོད་སྐྱོར་མ་དངུལ་གཙོ་གནད་ཐོག་དམངས་འཚོའི་ཁྱབ་ཁོངས་སུ་བཏང་ནས་ལས་བྱེད་པའི་བོད་སྐྱོར་དང་། མ་དངུལ་བོད་སྐྱོར། རྣམ་གྲངས་བོད་སྐྱོར། ཐོན་ལས་བོད་སྐྱོར། རིག་ནུས་བོད་སྐྱོར། ཤེས་ལྡན་པའི་ལག་རྩལ་བོད་སྐྱོར་བཅས་ལག་བསྟར་ཤུགས་ཆེན་བྱས་པས། མི་རིགས་མཐུན་སྒྲིལ་མཉམ་འདྲེས་སྔར་བས་གཏིང་ཟབ་བྱུང་སྟེ་མང་ཚོགས་ལ་ཕན་པ་ཐད་ཀར་ཐོབ་པའི་དམངས་འཚོའི་འདུ་འགོད་དང་ཕན་འབྲས་མངོན་གསལ་དོད་པའི་ཐོན་ལས་རྣམ་གྲངས་འབོར་ཆེན་ཞིག་བཏོད་ཡོད་ཅེས་བརྗོད་པ་རེད།
          ཆུ་གློག་དང་། སྨན་བཅོས། སློབ་གསོ་སོགས་དམངས་འཚོའི་རྣམ་གྲངས་ནི་ཅང་སུའུ་ཡི་བོད་སྐྱོར་ལས་དོན་གྱི་གཙོ་གནད་ཅིག་རེད། རོགས་སྐྱོར་བྱ་ཡུལ་གྱི་བསམ་འཆར་ལ་བརྩི་འཇོག་གང་ལེགས་དང་ཐུན་མོང་ཐོག་གྲོས་མོལ་བྱས་པའི་རྨང་གཞིའི་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཅང་སུའུ་ཞིང་ཆེན་གྱིས་ཁ་གཏད་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་19.2བཀོད་སྒྲིག་བྱས་པ་དང་རོགས་སྐྲུན་རྣམ་གྲངས་186ལག་བསྟར་བྱས་པའི་ནང་80%གཞི་རིམ་གྱི་དམངས་འཚོའི་ཁྱབ་ཁོངས་སུ་བཏང་ཡོད།
          སྐྱིད་ཆུའི་ངོགས་ཀྱི་སྟག་རྩེ་བཟོ་ལས་གླིང་ཁུལ་ནི་ས་གནས་དེ་གའི་མང་ཚོགས་ཚོའི་ཡོང་འབབ་གཏོད་ས་ཞིག་ཡིན་ཞིང་། ལོ་20ལྷག་ཙམ་གོང་དུ་དེ་གར་ཁེ་ལས་གཅིག་ཀྱང་མེད་པ་དང་ཅང་སུའུ་ཡི་བོད་སྐྱོར་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་དེ་གར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་བོད་ཀྱི་གྲགས་ཅན་ཐོན་ལས་གླིང་དུ་གྱུར་ཡོད། དེ་གར་ཁེ་ལས་300ལྷག་ཙམ་བཙུགས་པས་ཞིང་འབྲོག་པ་4000ལྷག་ཙམ་ལ་ལས་ཀ་རག་ཡོད།
          ཅང་སུའུ་ཞིང་ཆེན་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཁྲེན་ཅིང་གིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཅང་སུའུ་ཞིང་ཆེན་གྱིས་བོད་སྐྱོར་རྣམ་གྲངས་132བཀོད་སྒྲིག་བྱས་ནས་མ་དངུལ་སྒོར་དུང་ཕྱུར་25.6བཏང་སྟེ། བོད་ཀྱི་གྲོང་གསེབ་དར་རྒྱས་དང་། ཚན་རྩལ་ཤེས་ལྡན་པའི་འདེགས་སྐྱོར། བདེ་ཐང་དང་རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་། གཞི་རིམ་འཛུགས་སྐྱོང་ལ་སྐུལ་འདེད། མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
རྩོམ་སྒྲིག་པ། བསྟན་ཆོས།