ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས། ས་གནས་དཔལ་འབྱོར་དར་ལ་འབད།

ཀྲུང་གོ་སྒུལ་བདེས་རོགས་སྐྲུན་བྱས་པའི་སྒེར་རྩེ་རྫོང་གི་རྣམ་གྲངས་ཀྱི་སྐོར་བཀོད་པ།

སྤེལ་དུས 2021-11-10 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་སྒུལ་བདེས་སྒེར་རྩེ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པ་དང་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་ཧུར་ཐག་བསྟར་ནས་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་འགན་ལེན་དང་། འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ་བཅས་བྱས་ཏེ་དམིགས་ཚད་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་བྱས་ཡོད། སྒུལ་བདེའི་ཁག་ཐེངས་མང་པོའི་ལས་མིས་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཟིན་པའི་སྒེར་རྩེ་རྫོང་དུ་ལྷད་མེད་བརྩེ་སེམས་བཅངས་ནས་སྒེར་རྩེ་རྫོང་ལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་གོ་སྐབས་ཤིག་བསྐྲུན་ཡོད།
          སྡོད་ཁང་གསར་པ་བསྐྲུན་པ་ལས་དམངས་སེམས་དྲོས།
          སྒེར་རྩེ་རྫོང་གི་སྡོད་ཁང་གསར་པའི་སྒོ་རའི་ནང་སླེབས་སྐབས་ལུས་སྦྱོང་ཡོ་བྱད་འགྲམ་དུ་སྦྱོང་བརྡར་བྱེད་བཞིན་པའི་རྒྱ་མཚོས་ཁོང་ཚོ་ནང་མི་ཚང་མ་སྤྱི་ལེ་300ཡི་ས་ནས་འདིར་གནས་སྤོས་བྱས་རྗེས་ཀྱི་འགྱུར་ལྡོག་བརྗོད་ཅིང་། “ད་ཆ་བཟའ་ཟླ་རྫོང་གྲོང་གི་འཁལ་འཐག་བཟོ་གྲྭར་ལས་ཀ་བྱེད་པ་དང་ཕྲུ་གུ་རྫོང་གྲོང་གི་སློབ་གྲྭར་འགྲོ་གི་ཡོད། ཁོམ་པ་ཡོད་སྐབས་ངས་ཉེ་འགྲམ་དུ་ཉིན་གླ་རྒྱུག་གི་ཡོད། ད་ཆ་ཁྱིམ་དུ་བཅོལ་དངུལ་སྒོར་ཁྲི་6ལྷག་ཙམ་ཡོད”ཅེས་ཁོང་གིས་བཤད། ཀྲུང་གོ་སྒུལ་བདེས་བོད་སྐྱོར་མ་དངུལ་སྒོར་ཁྲི་398བཏང་ནས་རྒྱ་ཁྱོན་སྨི་ངོས་གྲུ་4718.18ཟིན་པའི་སྡོད་ཁང་གསར་པའི་གནས་སྤོས་ས་ཚིགས་སུ་གནས་སྤོས་དུད་ཚང་44བཀོད་སྒྲིག་བྱས་ཡོད།
          ཉེ་བའི་ལོ་ཤས་རིང་། སྡོད་ཁང་གསར་པའི་གྲོང་མི་ཨུ་ལྷན་གྱིས་ཡུལ་བབ་དང་བསྟུན་པ་དང་དུད་ཚང་ལ་བསྟུན་ནས། ཐབས་ཇུས་ལག་ལེན་བསྟར་ཏེ་ཐོན་ལས་ཆུང་གྲས་3དང་། ལེ་ལག་ཚང་བའི་ཐོན་ལས་2 འབྲི་གཡག་གསོ་ཚཌ་རྟེན་གཞི་1སོགས་གྲོང་མི་ཨུ་ལྷན་ལ་འཚམ་པའི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་འཕེལ་རྒྱས་བཏང་ནས། གནས་སྤོས་དུད་ཚང་ལ་ལས་ཀ་བྱེད་རྒྱུ་ཡོད་པ་དང་ཡོང་འབབ་ཡོད་པ་བྱས་ཡོད། རྒྱ་མཚོ་དང་འདྲ་བར་སྡོད་ཁང་གསར་པའི་ནང་སྡོད་པའི་གྲོང་མི་རྣམས་བདེ་སྡོད་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་བ་མ་ཟད། ད་དུང་རང་ཁྱིམ་གྱི་སྒོ་ཁར་ལས་ཀ་རག་ཡོད། སྡོད་ཁང་ཡོད་ལ་ཡོང་འབབ་ཀྱང་ཡོད་པས། ཁོང་ཚོ་གནས་གསར་པ་ཞིག་ཏུ་དངོས་སུ་གཞིས་ཆགས་ཐུབ་ནས་གནས་སྤོས་མང་ཚོགས“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ལས་ཞུགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
          ཐོན་ལས་གླིང་གིས་འབབ་འཕར་ལ་སྐུལ་འདེད་བཏང་།
          སྒེར་རྩེ་རྫོང་གི་སྐྱེ་ཁམས་ཞིང་ལས་དཔེ་སྟོན་གླིང་དུ་པད་ཚལ་དང་། ལ་ཕུག ཧོང་ཀྭ ཀྲོ་མ་ཀྲུ་སོགས་སྔོ་ཚལ་དང་ཤིང་འབྲས་ཀྱི་སྐྱེ་འཚར་མི་རྣམས་དགའ་འོས་པ་ཞིག་ཡོད། ལག་རྩལ་པ་ལིའུ་ལགས་ཀྱིས་དགའ་ཚོར་ཆེན་པོས“སྔོ་ཚལ་དྲོད་ཁང་ནང་གི་ཚལ་དང་ཤིང་ཏོག་ཚང་མ་ཞིང་འབྲོག་པ་རང་ཉིད་ཀྱིས་འདེབས་འཛུཌ་བྱས་པ་ཞིག་རེད། ངས་ཁོང་ཚོར་ལག་རྩལ་ཐད་ནས་མཛུབ་ཁྲིད་བྱས་པ་ཙམ་ཡིན་པས་སྤྱི་གནོད་མེད་པའི་ངང་ཐོན་སྐྱེད་ཐུབ་པ་དེ་ཞིང་འབྲོག་པ་རང་ཉིད་ཀྱིས་དཀའ་ལས་བརྒྱབ་པའི་འབྲས་བུ་རེད”ཅེས་བཤད། ཀྲུང་གོ་སྒུལ་བདེས་ཞིང་ལས་དཔེ་སྟོན་གླིང་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་2800བཏང་ནས་སྔོ་ཚལ་དྲོད་ཁང་ཆེ་མོ་46བསྐྲུན་ཡོད།
          རྣམ་གྲངས་དེས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ལས་ཞུགས་འབབ་འཕར་ཐག་གཅོད་བྱས་པ་དང་ཆབས་ཅིག་ས་གནས་དེ་གའི་མང་ཚོགས་ཀྱི་ཚལ་གྱི་སྣ་ཁ་ཡང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། ཐོན་ལས་གླིང་འཁོར་རྒྱུག་བེད་སྤྱོད་བྱས་རྗེས་སྒེར་རྩེ་རྫོང་གི་སྔོ་ཚལ་ལེ་དབར་སྟོང་གི་ས་ནས་སྐྱེལ་འདྲེན་དང་དགུན་དུས་སྔོ་ཚལ་སོས་པ་དཀོན་པའི་གནད་དོན་ཞི་ལྷོད་དུ་ནུས་ལྡན་ཕྱིན་ཡོད།
          བདེ་ཐང་སྨན་བཅོས་ཀྱིས་འགན་སྲུང་ལ་སྐུལ་འདེད་བཏང་།
          སྒེར་རྩེ་རྫོང་མི་དམངས་སྨན་ཁང་དུ་ནད་ལྟ་བར་ཡོང་མཁན་མང་ཞིང་། ལ་ལ་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པ་དང་ལ་ལ་གཟུགས་པོ་བརྟག་དཔྱད་བྱེད་ཀྱི་ཡོད། “ང་ཚོའི་སྨན་ཁང་ནི་མངའ་རིས་ས་ཁུལ་གྱི་རྫོང་རིམ་པའི་ཆ་རྐྱེན་ཡག་ཤོས་ཀྱི་སྨན་ཁང་ཞིག་ཡིན་པས་མཐའ་འཁོར་རྫོང་གི་ཞིང་འབྲོག་པ་ང་ཚོའི་སྨན་ཁང་དུ་སྨན་བཅོས་བྱེད་པར་ཡོང་གི་ཡོད། ང་ཚོས་ས་ཁོངས་རང་བཞིན་གྱི་སྨན་ཁང་ཞིག་གཏོད་པའི་ཕྱོགས་སུ་འབད་བརྩོན་བྱེད་བཞིན་ཡོད”ཅེས་སྨན་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་འཇམ་དབྱངས་དོན་གྲུབ་ཀྱིས་བཤད།
          ལོ་མང་རིང་། ཀྲུང་གོ་སྒུལ་བདེས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་2646.49བཏང་སྟེ《སྒེར་རྩེ་རྫོང་མི་དམངས་སྨན་ཁང་གི་ནད་སྡོད་པུའི་རྣམ་གྲངས》དང་། 《སྒེར་རྩེ་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ལས་ཤག་དང་དེ་བཞིན་རྨང་གཞིའི་སྒྲིག་བཀོད་ཉམས་བཟོ་སྒྱུར་བཀོད་རྣམ་གྲངས》《སྒེར་རྩེ་རྫོང་མི་དམངས་སྨན་ཁང་སྒྱུར་བཀོད་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ཀྱི་སྒེར་རྩེ་རྫོང་མི་དམངས་སྨན་ཁང་གི་གཟུགས་པོ་བརྟག་དཔྱད་ལྟེ་གནས་ཀྱི་སྒྱུར་བཀོད་ལས་གྲྭ》སོགས་རྣམ་གྲངས་7འཛུགས་སྐྲུན་བྱས་པར་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་1897ཟིན་ནས་སྒེར་རྩེ་རྫོང་མི་དམངས་སྨན་ཁང་གི་གཞི་རིམ་སྨན་བཅོས་ཆུ་ཚད་དང་སྨན་ཁང་གི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་པ་དང་རྒྱུན་མཐོང་ནད་ཉེ་འགྲམ་ནས་དུས་ཐོག་ཏུ་སྨན་བཅོས་ཐུབ་སྟེ་ཞིང་འབྲོག་པའི་གཟུགས་གཞི་བདེ་ཐང་འགན་ལེན་ནུས་ལྡན་ཐུབ་ཡོད།
          དམངས་ཕན་ཞབས་ཞུའི་ལས་ཕྱོད་ཆེ་རུ་བཏང་།
          ཨར་སྐྲུན་བྱེད་བཞིན་པའི་སྒེར་རྩེ་རྫོང་དམངས་ཕན་ཞབས་ཞུའི་ལྟེ་གནས་སུ་ལག་རྩལ་བཟོ་པ་དང་ཞིང་འབྲོག་པའི་ཨར་ལས་རུ་ཁག་གིས་གོ་རིམ་ལྡན་པའི་ངང་ཨར་ལས་བྱེད་བཞིན་ཡོད། ཚང་མས་ལས་ཡུལ་དུ་བྲེལ་བརྩོན་ཆེན་པོས་ཨར་ལས་བྱས་ཏེ་2022ལོར་ལས་མཇུག་འགྲིལ་ནས་སྤྱོད་ཐུབ་པ་བྱ་རྒྱུ་རེད། དམངས་ཕན་ཞབས་ཞུའི་ལྟེ་གནས་དེ་ཀྲུང་གོ་སྒུལ་བདེས་རོཌ་སྐྲུན་བྱས་པ་ཞིག་ཡིན་ཞིང་། འཛུཌ་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་3028.16ཟིན་པ་དང་རྣམ་གྲངས་ནང་ཁང་པའི་ཕྱི་ནང་མཛེས་བཟོ་དང་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་བའི་ལས་གྲྭ་ཚུད་ཡོད།
          དམངས་ཕན་ཞབས་ཞུའི་ལྟེ་གནས་ཀྱིས“གཅིག་འཐུས་རྣམ་པའི”ཞབས་ཞུ་འཛུགས་སྐྲུན་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་དེས་སྲིད་གཞུང་སྡེ་ཚན་གྱི་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྲིད་འཛིན་ཆུ་ཚད་མཐོ་རུ་གཏོང་བ། སྡེ་ཚན་ཁག་གི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་ལ་ཕན་པ་ཡོད་པས་མང་ཚོགས་དོན་དག་གཅོད་རྒྱུར་སྔར་བས་སྟབས་བདེ་བསྐྲུན་ཡོད།
          ཆ་འཕྲིན་དྲ་རྒྱ་ས་ཁོངས་ཡོངས་སུ་ཁྱབ།
          སྒེར་རྩེ་རྫོང་ནི་རང་ལྗོངས་ཀྱི་ལྟེ་བའི་གྲོང་ཁུལ་དུ་5Gདྲ་རྒྱ་ཁྱོན་ཡོངས་ལ་ཁྱབ་པའི་ས་གནས་དང་པོ་དེ་རེད། དེ་ནི་ཀྲུང་གོ་སྒུལ་བདེས་ཆ་འཕྲིན་དྲ་རྒྱའི་ལེཌ་ཆར་གཞི་ཚུཌ་པ་དང་ཆ་འཕྲིན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས“ཆ་འཕྲིན་ཅན་གྱི་སྒེར་རྩེ”ཧུར་ཐག་བཏོད་པའི་གྲུབ་འབྲས་ལས་བྱུང་བ་ཞིག་རེད། 2020ལོར་ཀྲུང་གོ་སྒུལ་བདེས་འཆར་འགོད་འཛུཌ་སྐྲུན་ཞིབ་ཚཌ་བྱས་ཏེ་ཀྲུང་ཤིང་འཕྲིན་གཏོང་མ་རྐང་ཚད་ཡོད་ཀུང་སི་དང་ཝུའུ་ཧན་ཧྥེང་ཧོ་འཕྲིན་གཏོང་མ་རྐང་ཀུང་སི་དང་མཉམ་དུ་མངའ་རིས་སྒེར་རྩེ་རྫོང་ལ་མྱུར་བགྲོད་དྲ་རྒྱའི་དབུལ་སྐྱོར་རྣམ་གྲངས་འཛུགས་སྐྲུན་གྱི་མཉམ་ལས་བྱས་ཡོད། ད་ཐེངས་ཁྱོན་བསྡོམས་5Gསྦྲེལ་ཚུགས་14བསྐྲུན་པ་དང་མ་དངུལ་སྒོར་ཁྲི་500ཙམ་བཏང་ནས་ཏང་སྲིད་དམག་གསུམ་གྱི་ལས་ཁུངས་དང་། སློབ་གྲྭ་འབྲིང་ཆུང་། སྨན་ཁང་། རིག་གནས་ཐང་ཆེན། ཁེ་ལས་དང་བྱ་གཞག་ཚན་པ། སྐར་མ་རིམ་པའི་གསོལ་མགྲོན་ཁང་བཅས་ལ་ཁྱབ་ནས་ཆ་འཕྲིན་ཅན་གྱི་གནད་སྨིན་དབུལ་སྐྱོར་ལས་དོན་སྤེལ་ཡོད།
          5Gདྲ་རྒྱར་འཕེལ་རྒྱས་སོང་ནས་སྤྱི་ཚོགས་ཀྱི་དོ་ཁུར་ཐོབ་པ་དང་མང་ཚོགས་ཀྱི་རེ་སྒུག་བསྐངས་ཡོད། ཀྲུང་གོ་སྒུལ་བདེས“དྲ་རྒྱ་དང་དབུལ་སྐྱོར་ཟུང་འབྲེལ”གྱི་རྣམ་པ་དེ“5Gདང་དབུལ་སྐྱོར་ཟུང་འབྲེལ”གྱི་རྣམ་པར་རིམ་སྤོར་བྱས་ནས་དྲ་རྒྱའི་འཛུགས་སྐྲུན་དང་བཀོལ་སྤྱོད་གསར་གཏོད་ལ་མཉམ་དུ་སྐུལ་འདེད་བཏང་བ་དང་། 5Gལས་རིགས་སྣ་ཚོགས་ནང་ཁྱབ་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་བཏང་བ།“5Gདང་སློབ་གསོ་ཟུང་འབྲེལ”དང་།“5Gདང་སྨན་བཅོས་ཟུང་འབྲེལ”“5Gདང་རིག་ལྡན་ཁྱིམ་ཚང་ཟུང་འབྲེལ”“5Gདང་རིག་ལྡན་འབྲོག་ལས་ཟུང་འབྲེལ”སོགས་ལས་རིགས་བཀོལ་སྤྱོད་ཁྱབ་གདལ་བཏང་སྟེ་5Gཐད་ཀར་སྤྱོད་པའི་ལས་རིགས་ཀྱིས“མ་དཔེ”བཏོད་ནས་ཞིང་འབྲོག་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དེ་བས་ལེགས་པའི་སྒོ་ནས་བསྐངས་ཡོད། 
རྩོམ་སྒྲིག་པ། བསྟན་ཆོས།