ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

བཟོ་ཚོགས་ཀྱི་ཁ་གཏད་བོད་སྐྱོར་གྱིས་ལས་བཟོར་ཕན་བདེ་བསྐྲུན་པ།

སླད་ཕྱིན་ལོ་ལྔའི་རིང“ས་མཐོའི་ལས་བཟོའི་གསོ་རླུང་ཁང”125གཏོད་རྒྱུ་ཡིན་པ།

སྤེལ་དུས 2021-12-13 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
           ཉེ་ཆར་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི“ས་མཐོའི་ལས་བཟོའི་གསོ་རླུང་ཁང”རྣམ་གྲངས་ཀྱི་འཁྱེར་བདེའི་གསོ་རླུང་རྔུབ་ཆས་སྤྲོད་པའི་མཛད་སྒོ་འཚོགས་ནས་ས་བབ་མཐོ་བའི་སྤྱི་བདེའི་ཞིབ་བཤེར་ས་ཚིགས་དང་། དགོན་སྡེ་དོ་དམ་ཨུ་ལྷན། སློབ་གྲྭ ཤང་དང་གྲོང་རྡལ། གཞུང་ལམ་བདག་སྐྱོང་དུམ་བུ། གྲོང་སྡོད་ལས་དོན་རུ་ཁག་བཅས་ལ་འཁྱེར་བདེའི་གསོ་རླུང་རྔུབ་ཆས་910སྤྲད་པ་རེད།
           ལྗོངས་སྤྱི་ཁྱབ་བཟོ་ཚོགས་རོགས་སྐྱོར་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཅན་ཁུའེ་ཡིས། “ས་མཐོའི་ལས་བཟོའི་གསོ་རླུང་ཁང”གི་རྣམ་གྲངས་ནི་བཟོ་ཚོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་རེས་སྐོར་གསུམ་པའི་སྤུས་རྟགས་རྣམ་གྲངས་དང་དམངས་འཚོའི་རྣམ་གྲངས་ཤིག་ཡིན་པར་བརྟེན། རོགས་སྐྱོར་བྱེད་མཁན་ཕྱོགས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་ལ་རྒྱ་ཆེའི་ལས་བཟོ་དང་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཡང་ཐོབ་ཡོད། རྣམ་གྲངས་དེ་བསྐྲུན་རྗེས་དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་ས་བབ་མཐོ་བའི་འཐབ་ས་དང་པོའི་ལས་བཟོའི་འཚོ་བའི་ཁོར་ཡུག་ཧ་ཅང་ལེགས་སུ་ཕྱིན་ནས་ས་བབ་མཐོ་སའི་ལས་བཟོ་དང་མང་ཚོགས་ལ་བློ་བདེ་ཞིང་སྐྱིད་སྣང་དོད་ལ་བློས་འཁེལ་ཆོག་པའི་འཚོ་བ་དང་ལས་ཀའི་ཆ་རྐྱེན་བཟང་པོ་ཞིག་འོང་རྒྱུ་རེད། “ས་མཐོའི་ལས་བཟོའི་གསོ་རླུང་ཁང”གི་རྣམ་གྲངས་སྤེལ་འགོ་ཚུགས་ཚུན་བོད་ལྗོངས་ཀྱི་རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱིས་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)དང་ཀྲུང་དབྱང་ཁེ་ལས་དབར་སྒོར་ཁྲི་4257.2ལྷག་ཙམ་ཟིན་པའི་གསོ་རླུང་ཁང་གི་རྣམ་གྲངས་ཀྱི་འདོད་མཐུན་བཞག་སྟེ། སླད་ཕྱིན་ལོ་ལྔའི་རིང་བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7གྱི་ལས་བཟོ་ཞུགས་ཚད་ཅུང་མང་བའི་ཞབས་ཞུ་ལྟེ་གནས་དང་། ངལ་རྩོལ་གྲིམ་ཤུགས་ཅུང་ཆེ་བའི་ལས་དོན་བསྒྲུབ་ཡུལ། འཚོ་བའི་ཆ་རྐྱེན་ཞན་པའི་མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་བཅས་ལ“ས་མཐོའི་ལས་བཟོའི་གསོ་རླུང་ཁང”གི་རྣམ་གྲངས་125སྐྲུན་རྩིས་ཡོད་པའི་ནང་གཅིག་སྡུད་གསོ་རླུང་མཁོ་འདོན་དང་མཐོ་གནོན་རླངས་ཁང་བསྐྲུན་རྒྱུ་དང་། གཟུགས་རྐྱང་རྣམ་པ་དང་ལོགས་བཀར་རྣམ་པའི་གསོ་རླུང་རྔུབ་ཆས་སྤྲོད་པ་སོགས་ཚུད་ཡོད་ཅེས་བཤད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།