ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

སློབ་མའི་དགུང་ཟས་ཟ་ཁག་པའི་གནད་དོན་ཐག་གཅོད་ཐུབ་གྲབས་འདུག

སྤེལ་དུས 2021-09-26 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
          སློབ་གྲྭའི་ནང་སློབ་མའི་ཟ་ཁང་མེད་པ་དང་། ཁྱིམ་བདག་ལ་ཉིན་དགུང་སློབ་མ་སྐྱེལ་བསུ་བྱེད་པའི་དུས་ཚོད་མེད་པས། སློབ་མ་མང་པོ་ཞིག་སློབ་གྲྭའི་ཕྱིར་དགུང་ཟས་བཟའ་དགོས་ཀྱི་ཡོད། ད་བྱས་ན། སློབ་མ་ཁག་ཅིག་གི་དགུང་ཟས་ཟ་ཁག་པའི་གནད་དོན་དེ་ག་དུས་ཐག་གཅོད་ཐུབ་ཟེར་ན།

          ཉེ་ཆར། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཀོན་ཆུས་སློབ་གསོ་ཅུས་ཀྱིས་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་མ་དངུལ་བརྩོན་ལེན་དང་། འགྲོ་ལུགས་གཉེར་བཞིན་ཡོད་ཅིང་། ཆ་རྐྱེན་ཡོད་པའི་སློབ་གྲྭར་ཟ་ཁང་བསྐྲུན་རྒྱུ་དང་རྒྱ་ཆེར་གཏང་རྒྱུར་སྐུལ་མ་བྱེད་བཞིན་ཡོད་པ་རེད།
          མིག་སྔར། ཁྲེང་ཀོན་ཆུས་ནང་ཁོངས་སུ་སློབ་མའི་ཟ་ཁང་བཙུགས་ཟིན་པའི་སློབ་གྲྭའི་གྲས་སུས་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོ་དང་། ལྷ་ས་གྲོང་ཁྱེར་སློབ་འབྲིང་གསུམ་པ་སོགས་ཡོད་པ་དང་། ད་ལྟ་སློབ་མའི་ཟ་ཁང་སྐྲུན་བཞིན་པའི་སློབ་གྲྭའི་གྲས་སུ་ལྷ་ས་གྲོང་ཁྱེར་སློབ་འབྲིང་བཞི་པ་དང་། ལྷ་ས་གྲོང་ཁྱེར་ཀོང་ཤི་མཛའ་མཐུན་སློབ་ཆུང་སོགས་ཡོད་པ་རེད། གོམ་སྟབས་རྗེས་མར། ཁྲེང་ཀོན་ཆུས་སློབ་གསོ་ཅུས་ཀྱིས་ད་དུང་བྱ་ཐབས་སྣ་ཚོགས་སྤྱད་དེ་ཁྲེང་ཀོན་ཆུས་ནང་ཁོངས་ཀྱི་སློབ་གྲྭར་འཚོ་བཅུད་དགུང་ཟས་མཁོ་འདོན་བྱེད་པའི་ཁྱབ་རྒྱ་རྒྱ་ཆེར་བཏང་ནས། ༢༠༢༡ལོའི་ཟླ་༡༡སླེབས་སྐབས། ཁྲེང་ཀོན་ཆུས་ནང་ཁོངས་ཀྱི་སློབ་གྲྭ་ཚང་མར་སློབ་མའི་འཚོ་བཅུད་དགུང་ཟས་མཁོ་འདོན་ཐུབ་པར་བྱ་རྒྱུ་རེད།

          གཞན་ཡང་། ན་ནིང་གི་ཟླ་༩ནས་བཟུང་ཨར་སྐྲུན་བྱེད་འགོ་ཚུགས་པའི་ཁྲེང་ཀོན་ཆུས་ཀྱི་ས་གཙང་ལྟེ་བའི་ཐབ་ཚང་གི་རྣམ་གྲངས་ཀྱང་ལས་མཇུག་བསྒྲིལ་ནས་བེད་སྤྱོད་བྱེད་འགོ་ཚུགས་གྲབས་ཡོད་པ་རེད། རྣམ་གྲངས་དེ་བེད་སྤྱོད་བྱས་རྗེས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སློབ་མའི་ཟ་ཁང་བཙུགས་པའི་ཆ་རྐྱེན་མེད་པའི་སློབ་གྲྭ་༧གྱི་སློབ་མ་༡༡༠༠༠ལྷག་གི་དགུང་ཟས་གནད་དོན་ཐག་གཅོད་ཐུབ་རྒྱུ་མ་ཟད། སློབ་མའི་ཁྱིམ་བདག་ཁག་ཅིག་ཁུར་པོ་ཡང་ཡང་དུ་གཏང་རྒྱུ་རེད།
རྩོམ་སྒྲིག་པ། སྣང་རྡོར།