ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

རྣམ་ཀུན་ནས་ཕོ་བར་སྣང་ཆུང་བྱེད་རྒྱུ་མེད། རྒྱུ་མཚན་ནི……

སྤེལ་དུས 2021-10-21 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
         ཕོ་བ་ནི་མིའི་ལུས་པོའི་ནང་གི་འཇུ་བྱེད་མ་ལག་གཙོ་བོ་དེ་ཡིན་པས། དེར་ང་ཚོས་རྟག་ཏུ་སྣང་འཇོག་དང་ཡིད་གཟབ་བྱེད་དགོས་པ་སྟེ། 

         1.བཟའ་བཏུང་སྤྱོད་པར་ཆོས་ཉིད་རང་བཞིན་ལྡན་དགོས། དེའང་སྤྱིར་བཏང་གི་གནས་ཚུལ་འོག་ལྟོ་ཆས་དུས་ཐོག་ཏུ་བཟའ་དགོས། དེས་ཕོ་བ་དང་འཇུ་བྱེད་མ་ལག་ཁྱོན་ལ་རམ་འདེགས་ཀྱི་ནུས་པ་ཐོན་གྱི་ཡོད་པས། ལྟོ་ཆས་དུས་ཐོག་ཏུ་མ་བཟས་ན་ཕོ་བར་གནོད་པ་ཧ་ཅང་ཆེན་པོ་ཡོད། 
         2.ནམ་རྒྱུན་གྱི་བཟའ་བཏུང་ལ་གཟབ་ནན་བྱེད་དགོས། ནམ་རྒྱུན་ཚྭ་མང་བ་དང་། ཁ་ཚ། ཧམ་སྤུ་བརྒྱབ་པ་སོགས་ཀྱི་ཟས་རིགས་འཛེམས་དགོས་པ་དང་གྲོད་པ་སྟོང་པར་སྒོག་ཙོང་རིགས་མང་པོ་བཟའ་རྒྱུ་མེད། 

         3.ཕོ་བའི་དྲོད་ཇུས་ལ་ཡིད་གཟབ་བྱེད་དགོས།  ཤོད་རྒྱུན་དུ་ཕོ་བའི་ནད་རིགས་བཅུའི་ནང་ནས་དགུ་ནི་ལུས་པོ་འཁྱགས་པ་ལས་བྱུང་བ་ཞིག་རེད་ཅེས་བརྗོད་ཀྱི་ཡོད། དོན་དམ་དུ། ལུས་པོ་འཁྱགས་སྐབས་དང་ཐོག་ཕོ་བར་གནོད་ཀྱི་ཡོད། དེར་བརྟེན་གནམ་གཤིས་དང་བསྟུན་ནས་གྱོན་གོས་གསབ་འཕྲི་བྱས་ནས་ལུས་པོ་མི་འཁྱགས་པ་བྱེད་པ་དང་ལྟོ་ཆས་གྲང་མོའི་རིགས་བཟའ་བར་འཛེམས་དགོས། 
         4.ཆང་རག་ཚད་ལས་བརྒལ་ནས་བཏུང་རྒྱུ་མེད། ངར་ཆེ་བའི་ཨ་རག་གིས་ཕོ་བའི་སྐྱི་མོར་གནོད་ཀྱི་ཡོད་པས། དུས་ཚོད་རིང་པོ་སོང་ན་ཕོ་བ་སྨུག་པོ་དང་ཕོ་བའི་ནད་རྟགས་གཞན་སློང་སྲིད། དེས་ན་མི་ཚང་མས་སྣང་ཆུང་བྱ་མི་རུང་ངོ་།  
རྩོམ་སྒྲིག་པ། སྣང་རྡོར།