ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

གསང་སྤྱོད་ནང་ཁ་པར་རྩེ་ན་ནད་འགོ་སླ།

སྤེལ་དུས 2021-11-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          མི་མང་པོ་ཞིག་ལ་གསང་སྤྱོད་ནང་དུ་ཁ་པར་རྩེ་བའི་གོམས་གཤིས་ཆགས་ཡོད། ཡིན་ཡང་ཁྱོད་ཀྱིས་དེ་ལྟར་བྱས་ན་འཕྲོད་བསྟེན་ཞན་པའི་ཁར་ནད་འགོ་སླ་བ་ཤེས་སམ།

          སྤྱི་ཚེས་19ཉིན་གསང་སྤྱོད་ནང་དུ་ཁ་པར་རྩེ་ན་ནད་འགོ་སླ་ཞེས་པའི་བརྗོད་གཞི་འདི་ལ་པོད་ཕྲན་སྟེང་ནས་དྲ་གྲོགས་ཚོའི་ཚུར་སྣང་དྲག་པོ་ཐོབ། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་སྟེང་གནས་ཚུལ་སྤེལ་བ་ལྟར་ན། གསང་སྤྱོད་ཁང་ནས་ཁ་པར་རྩེ་སྐབས་གསང་སྤྱོད་ནང་གི་རྒྱུ་མའི་ནར་སྲིན་དང་སལ་མོན་འབུ་ཕྲ་སོགས་ལག་ཐོགས་ཁ་པར་སྟེང་འབྱར་ཡོང་པ་དང་བསྟུན་ནས་ལག་པ་བརྒྱུད་དེ་མི་ལ་ནད་འགོ་བཞིན་ཡོད་པ་རེད།
          སྤྱིར་བཏང་མི་དར་མ་ཞིག་ཉིན་རེར་གསང་སྤྱོད་ལ་ཐེངས་6ནས་8ལ་འགྲོ་དགོས་པ་དང་ལོ་གཅིག་ལ་ཕལ་ཆེར་ཐེངས་2500ལྷག་ལ་འགྲོ་དགོས། མི་ཚེ་གཅིག་ལ་ཕལ་ཆེར་ལོ་གསུམ་གསང་སྤྱོད་ཁང་ནང་ཚར་བཞིན་ཡོད་པ་རེད། (བུད་མེད་ཚོ་དེ་བས་རིང་། )
          གལ་ཏེ་ལག་ཁྱེར་ཁ་པར་དང་Wi-Fiགློག་གསོག་འཕྲུལ་ཆས་གསུམ་ཡོད་ཚེ་གསང་སྤྱོད་ནང་ནས་འདུག་པའི་དུས་ཚོད་དེ་བས་ཀྱང་རིང་།

          གཞན་ད་དུང་གཙང་ཤོག་སོགས་རྒྱུན་ལྡན་ཡོ་ཆས་རྣམས་གསང་སྤྱོད་ཁང་དུ་མ་བཞག་ན་བཟང་སྟེ། བརླན་གཤེར་གྱི་དབང་གིས་ངོ་བོ་འགྱུར་སླ་ཞིང་འབུ་ཕྲའི་རིགས་ཀྱི་སྐྱེ་འཕེལ་ལ་ཕན་ཞིང་མགྱོགས་པས་ཁ་མ་བཤིག་ནའང་འབག་བཙོག་གི་ཉེན་ཁ་ཡོད་པ་རེད། 
          ཆུ་བཤལ་རྒྱག་དུས་ཆབ་གཞོང་གི་ཁ་ལེབ་མ་བཀབ་ཚེ་ཆབ་གཞོང་ནང་གི་འབུ་ཕྲ་དག་མཁའ་རླུང་ནང་དུ་འདུག་ཡུན་རིང་སྲིད་ལ། ནད་འབུ་དག་ཨ་ཅོར་དང་སོ་ཤད་ལ་འབྱར་ཏེ་ཁྱེད་ཀྱི་ཁ་ནང་སོགས་ལུས་སྟེང་དུ་ཞུགས་བཞིན་ཡོད།

          མི་མང་ཆེ་བའི་བཀོལ་སྤྱོད་གོམས་གཤིས་སྟེང་ནས་བལྟས་ན། སྤྱི་པའི་གསང་སྤྱོད་ཁང་གི་ཕྲེང་སྒྲིག་ཁང་མིག་ཁྲོད་ཀྱི་ནང་སྒོ་དང་བར་ཐག་ཆེས་ཉེ་བ་དེ་ལྟོས་བཅས་ཀྱིས་བཀོལ་སྤྱོད་བྱེད་མཁན་ཉུང་བས་ཅུང་ཙམ་གཙང་མ་ཡིན་པ་རེད།
          གླེང་རིན་ཡོད་པ་ཞིག་ནི་དངུལ་ཁང་ལ་སྤྱི་པའི་གསང་སྤྱོད་ཁང་མེད་པའི་རྒྱུ་རྐྱེན་ནི་ལྟ་སྐུལ་ཚོད་འཛིན་བརྙན་མིག་གི་ཉེན་ཁ་རུ་འགྱུར་འགྲོ་བ་དེ་ཡིན། གལ་ཏེ་སྤྱི་པའི་གསང་སྤྱོད་ཡོད་ཚེ་དགོས་མཁོ་ཅན་གྱི་མི་མང་པོ་ཡོང་སྲིད་པས་བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་ཡོད།
རྩོམ་སྒྲིག་པ། སྣང་རྡོར།