ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

གཏམ་བཟང་། བོད་ལྗོངས་མི་རིགས་སློབ་ཆེན་ལ་འབུམ་རམས་པའི་སློབ་གནས་་་་

སྤེལ་དུས 2021-11-22 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
           ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གནས་ཨུ་ཡོན་ལྷན་ཁང་གིས་༢༠༢༠ལོར་ཞིབ་བཤེར་བྱས་ནས་གསར་དུ་གཏན་འཁེལ་བྱས་པའི་འབུམ་རམས་པ་དང་རབ་འབྱམས་པའི་སློབ་གནས་སྤྲད་ཆོག་པའི་ཚན་པའི་མིང་ཐོ་ཡོངས་བསྒྲགས་བྱས་ཡོད་པ་དང་། བོད་ལྗོངས་མི་རིགས་སློབ་ཆེན་ལ་འབུམ་རམས་པའི་སློབ་གནས་སྤྲོད་པའི་ཆོག་མཆན་ཐོབ་པ་དང་། མར་ཁེ་སི་རིང་ལུགས་རིག་གཞུང་ལ་འབུམ་རམས་པའི་སློབ་གནས་སྤྲོད་དབང་ཡོད་པའི་རིག་ཚན་གྱི་ཆོག་མཆན་ཐོབ་ཡོད་པ་རེད། གཞན་ཡང་། བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་མི་རིགས་སློབ་ཆེན། བོད་ལྗོངས་ཞིང་འབྲོག་སློབ་གླིང་སོགས་ལ་ཁྱོན་རབ་འབྱམས་པའི་སློབ་གནས་ཀྱི་རིམ་པ་དང་པོའི་རིག་ཚན་གྱི་ཐོབ་ཐང་སྤྲོད་དབང་ཡོད་པའི་རིག་ཚན་༡༡དང་། རབ་འབྱམས་པའི་ཆེད་ལས་སློབ་གནས་སྤྲོད་དབང་ཡོད་པའི་རིག་ཚན་༢༡གསར་དུ་བསྣན་ཡོད་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བོད་ཀྱི་སློབ་ཆེན་ལ་འབུམ་རམས་པའི་སློབ་གནས་སྤྲད་ཆོག་པའི་ཚན་པ་དང་འབུམ་རམས་པ་དང་རབ་འབྱམས་པའི་སློབ་གནས་སྤྲད་ཆོག་པའི་རིག་ཚན་མང་དུ་བཏང་བ་དེ་ནི། ཉེ་བའི་ལོ་ཤས་རིང་སློབ་གསོ་པུས་སློབ་གསོའི་བོད་སྐྱོར་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། བོད་ཀྱི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་དང་། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་བཏང་བར་ཐོབ་པའི་གྲུབ་འབྲས་ཤིག་ཡིན། རྒྱལ་ཁབ་ཀྱི་གཙོ་གནད་སློབ་ཆེན་ཁག་ཅིག་གིས་ག་སྦྱར་བོད་སྐྱོར་གྱིས་བོད་ཀྱི་སློབ་ཆེན་ཚན་ཁག་འཛུགས་སྐྲུན་བྱེད་པའི་ཆུ་ཚད་གོང་མཐོར་བཏང་སྟེ། སྤུས་ཚད་མཐོ་བའི་ཚན་ཁག་དང་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་བྱས་ཡོད།
           བོད་ལྗོངས་མི་རིགས་སློབ་ཆེན་ལ་བོད་ཀྱི་ལས་བྱེད་པའི་འབྱུང་གནས་སུ་འབོད་བཞིན་ཡོད་ལ། ད་ཐེངས་འབུམ་རམས་པའི་སློབ་གནས་སྤྲད་ཆོག་པའི་ཚན་པ་དང་། འབུམ་རམས་པའི་སློབ་གནས་སྤྲད་ཆོག་པའི་ཐོབ་ཐང་ཐོབ་པ་དེས། སློབ་གྲྭ་དེའི་ཕྱོགས་བསྡུས་ནུས་པ་དང་། སློབ་གཉེར་ཆུ་ཚད་སྐས་རིམ་གསར་པ་ཞིག་གི་ཐོག་ཏུ་བསླེབས་པ་མཚོན་ཡོད། 
རྩོམ་སྒྲིག་པ། སྣར་རྡོར།