ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

▶བུད་མེད་མང་ཆེ་བས་ཐ་མག་མི་འཐེན་རུང་གློ་སྐྲན་བྱུང་དོན་ཅི་ཡིན་ནམ།

སྤེལ་དུས 2021-11-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          བརྟག་དཔྱད་བྱས་པར་གཞིགས་ན།གློ་སྐྲན་ནི་རང་རྒྱལ་གྱི་བུད་མེད་རྣམས་ལ་ཕོག་པའི་སྐྲན་ནད་ཚབས་ཆེན་གཉིས་པ་དེ་ཡིན་པ་དང་། ནད་རིགས་སྤྱིའི15.02%ཡས་མས་བཟུང་ཡོད་ཅིང་། དེ་ནི་ནུ་མའི་འབྲས་སྐྲན་ཕུད་པའི་བུད་མེད་ཀྱི་རྒྱུན་མཐོང་སྐྲན་ནད་ཨང་གཉིས་པ་དེ་ཡིན།  གཞི་གྲངས་ལས་མངོན་པ་ལྟར་ན།རང་རྒྱལ་གྱི་ཐ་མག་མི་འཐེན་པའི་བུད་མེད་རྣམས་ཐ་མག་གི་དུ་བའི་ལུས་ཚད་71.6%ཟིན་པ་དང་། རང་རྒྱལ་གྱི་དམིགས་བསལ་རང་བཞིན་གྱི་ཟས་རིགས་གཡོས་སྦྱོར་ལས་བྱུང་བའི་དུ་བའི་སྦགས་བཙོག་ལ་བུད་མེད་རྣམས་ཀྱི་དོ་སྣང་ཆེན་པོ་ཡོང་གི་མེད། ཡོ་རོབ་དང་ཨ་མེ་རི་ཁ་གླིང་གི་བུད་མེད་ལ་གློ་སྐྲན་བྱུང་ཚད་སྐྱེས་པ་ལས་ཧ་ཅང་དམའ་བ་ཡོད།ཡིན་ནའང་རང་རྒྱལ་གྱི་བུད་མེད་རྣམས་ལ་གློ་སྐྲན་བྱུང་ཚད་ཧ་ཅང་མཐོ་སྟེ། ཧྲང་ཧའེ་རྒྱང་སྐྱོད་སྨན་ཁང་བརྙན་ཕབ་བརྟག་དཔྱད་མཚན་ཁག་དང་ཤར་ལྷོ་སློབ་ཆེན་གྱི་ཁུངས་གཏོགས་སྨན་ཁང་གི་ཆེད་མངགས་གདན་ཞུས་མཚན་འཛིན་དགེ་རྒན་ཆེ་མོ་ཤའོ་ཤང་ཧྲེང་གིས་རང་རྒྱལ་གྱི་བུད་མེད་མང་པོར་གློ་སྐྲན་བྱུང་ཚད་མཐོ་བའི་རྒྱུ་མཚན་གཙོ་བོ་ནི་དུ་བ་རིགས་གཉིས་དང་འབྲེལ་བ་ཡོད་པ་སྟེ།གཅིག་ནི་མི་གཞན་གྱིས་ཐ་མག་འཐེན་པའི་དུ་བ་རང་ལུས་སུ་འགོས་པ་དང་གཅིག་ཤོས་ནི་ཐབ་ཚང་གི་ཟས་སྣུམ་ལས་བྱུང་བའི་དུ་བ་རེད་ཅེས་བརྗོད། །

རྩོམ་སྒྲིག་པ། སྣང་རྡོར།