ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

འཐུས་མི་ཚོས་མཉམ་དུ《ཉེན་བརྡ་རྒྱུན་སྒྲོག》ཅེས་པའི་གློག་བརྙན་བལྟས་ནས

སྤེལ་དུས 2021-11-29 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
         སྐབས་བརྗེའི་ལས་དོན་གྱི་སྒྲིག་ལམ་ནན་དུ་བཏང་ནས་སྤྱོད་གཙང་གཞུང་དྲང་གི་སྐབས་བརྗེའི་རྣམ་པ་ཞིག་གཏོད་ཆེད། ཟླ་11ཚེས་25ཉིན་གྱི་དགོང་མོ། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ཚོགས་ཉེར་ཡོད་པའི་སྐབས། ཚོགས་ཆེན་གྱི་ལས་དོན་ཚོགས་ཆུང་གིས་འཐུས་མི་ཡོངས་དང་། དམིགས་བསལ་གདན་ཞུས་འཐུས་མི། ཚོགས་ཞུགས་མི་སྣ་བཅས་སྒྲིག་འཛུགས་བྱས་ཏེ་བོད་ལྗོངས་མི་དམངས་ཚོགས་ཁང་དུ་ཉེན་ཟོན་སློབ་གསོའི་གློག་བརྙན《ཉེན་བརྡ་རྒྱུན་སྒྲོག》ཅེས་པ་མཉམ་དུ་གཟིགས་ནས་སྐབས་བརྗེའི་འདེམས་བསྐོའི་སྒྲིག་ཁྲིམས་ཀྱི་ཉེན་ཟོན་སློབ་གསོ་དང་ལེན་བྱས་པ་རེད། 
         ཉེན་ཟོན་སློབ་གསོའི་གློག་བརྙན《ཉེན་བརྡ་རྒྱུན་སྒྲོག》ཅེས་པའི་ནང་སྐབས་བརྗེའི་སྒྲིག་ལམ་ལས་འགལ་བའི་དཔེ་མཚོན་གྱོད་དཔེ་མང་པོར་དབྱེ་ཞིབ་བྱས་པ་བརྒྱུད། སྐབས་བརྗེའི་སྒྲིག་ལམ་ལས་འགལ་ནས་ཏང་དང་རྒྱལ་ཁབ་ལ་གནོད་འཚེ་ཚབས་ཆེན་བཟོས་རིགས་གསལ་སྟོན་གཏིང་ཟབ་བྱས་ཏེ། སྐབས་བརྗེའི་སྒྲིག་ལམ་ནན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་བཤད་ཀྱིས་ཏང་གི་འཐུས་མི་ཚོར་བསམ་གཞིག་ནན་པོ་བྱེད་དགོས་པའི་ཉེན་ཟོན་སློབ་གསོའི་སློབ་ཚན་ཞིག་འཚོགས་ཡོད།
རྩོམ་སྒྲིག་པ། སྣང་རྡོར།