ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ལྷ་སར་འགོག་ཁབ་རྒྱག་ས་8གསར་དུ་བསྣན་འདུག

སྤེལ་དུས 2022-01-06 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
        ཏོག་གསར་ནད་དུག་གསོད་པའི་འགོག་ཁབ་རྒྱག་སའི་ཚན་པ་གསར་དུ་བསྣན་པ།
        ཏོག་གསར་གློ་ཚད་ནད་ཡམས་འགོག་ཟོན་ལས་དོན་སྔར་བས་ཡག་པོ་བསྒྲུབ་པ་དང་། ཐད་གཏོགས་མི་ཚོགས་ཁག་གི་ཏོག་གསར་ནད་དུག་འགོག་ཁབ་རྒྱག་ཚད་གོང་མཐོར་གཏོང་བ། ཐད་གཏོགས་གྲོང་མི་མང་ཚོགས་ལ་སྟབས་བདེ་གང་ལེགས་བསྐྲུན་པ་བཅས་ཀྱི་ཆེད་དུ། ཁ་ས་ནས་བཟུང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཐད་གཏོགས་ཁུལ་དུ་ཏོག་གསར་ནད་དུག་འགོག་ཁབ་རྒྱག་སའི་ཚན་པ་༨གསར་དུ་བསྣན་ཡོད། 
        དེ་དག་ནི་ཁྲེང་ཀོན་ཆུས་གླིང་ཕྲན་གཉིས་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་། ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ཁྲེང་ཀོན་ཆུས་དོག་སྡེ་ཤང་འཕྲོད་བསྟེན་ཁང་། ཁྲེང་ཀོན་ཆུས་ཚལ་གུང་ཐང་འཕྲོད་བསྟེན་ཁང་། ཁྲེང་ཀོན་ཆུས་ཀརྨ་དགོན་གསར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། རྗེ་འབུམ་སྒང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་བཅས་ཡིན། གྲོང་མི་ཚོ་རང་ཁྱིམ་དང་ཐག་ཉེ་སར་འགོག་ཁབ་རྒྱག་པར་ཕེབས་ན་འགྲིག 
        གསར་དུ་བསྣན་པའི་ཚན་པའི་མིང་དང་། ས་གནས། འབྲེལ་གཏུག་ཁ་པར་གཤམ་གྱི་རེའུ་མིག་ལྟར་ཡིན། 

རྩོམ་སྒྲིག་པ། སྣང་རྡོར།