ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

མཚོ་སྔོན་གྱི་སློབ་ཆེན་འདི་གཉིས་ལ་རྒྱལ་ཁབ་རིམ་པའི་ཆོག་མཆན་ཐོབ།

སྤེལ་དུས 2022-06-20 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
         མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན་གཉིས་ནས་བསྒྲགས་པ་ལྟར་ན། ཉེ་ཆར། སློབ་གསོ་པུའུ་ཡིས་ཡོངས་བསྒྲགས་བྱས་པའི2021ལོའི་ལོ་འཁོར་མོའི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་དངོས་གཞི་ཚན་ཁག་གི་ཆེད་ལས་རྩེ་གྲ་འཛུགས་སྐྲུན་ས་ཚིགས་ཀྱི་མིང་ཐོ་རུ་རང་ཞིང་གི་མཚོ་སྔོན་ཆེན་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཆེད་ལས་མང་པོ་ཞིག་ཚུད་ཡོད་པ་རེད། 
         རྒྱུས་ལོན་བྱུང་བ་ལྟར་ན། འདི་ནི་སློབ་གསོ་པུའུ་ཡིས་དངོས་གཞི་ཚན་ཁག་གི་ཆེད་ལས་རྩེ་གྲ་འཛུགས་སྐྲུན་བྱེད་པའི“འཆར་གཞི་ཉིས་ཁྲི”ལག་བསྟར་བྱས་ཚུན་དུ་ཐེངས་གསུམ་པར་བདམས་ཐོན་བྱུང་བའི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་དངོས་གཞི་ཚན་ཁག་གི་ཆེད་ལས་རྩེ་གྲ་འཛུགས་སྐྲུན་བྱེད་ཡུལ་ཞིག་རེད། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སྤྱི་ཚོགས་བྱ་བ་དང་སློབ་སྔོན་སློབ་གསོ། ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག ལོ་རྒྱུས་རིག་པ། སྐྱེ་དངོས་ལག་རྩལ་བཅས་ཀྱི་ཆེད་ལས5རྒྱལ་ཁབ་རིམ་པའི་དངོས་གཞི་ཚན་ཁག་གི་ཆེད་ལས་རྩེ་གྲ་འཛུགས་སྐྲུན་བྱེད་ཡུལ་གྱི་ནང་ཚུད་པ་དང་། དཔལ་འབྱོར་རིག་པ་དང་ལུས་རྩལ་སྦྱོང་བརྡར། གསར་འགྱུར་རིག་པ། ཉེར་སྤྱོད་རྫས་འགྱུར། སྡོམ་རྩིས་རིག་པ། མཉེན་ཆས་བཟོ་སྐྲུན། ཡུལ་སྐོར་དོ་དམ། རོལ་དབྱངས་འཁྲབ་སྟོན། ཞབས་བྲོ་རིག་པ། མཐོང་ཚོར་བརྒྱུད་སྒྲོག་དང་ཇུས་འགོད་བཅས་ཀྱི་ཆེད་ལས10ཞིང་ཆེན་རིམ་པའི་དངོས་གཞི་ཚན་ཁག་གི་ཆེད་ལས་རྩེ་གྲ་འཛུགས་སྐྲུན་བྱེད་ཡུལ་ནང་ཚུད། 
         མཚོ་སྔོན་དགེ་འོས་སློབ་ཆེན་དུ་ད་ལྟ་རྒྱལ་ཁབ་རིམ་པའི་དངོས་གཞི་ཚན་ཁག་གི་ཆེད་ལས་རྩེ་གྲ་འཛུགས་སྐྲུན་བྱེད་ཡུལ14དང་ཞིང་ཆེན་རིམ་པའི་དངོས་གཞི་ཚན་ཁག་གི་ཆེད་ལས་རྩེ་གྲ་འཛུགས་སྐྲུན་བྱེད་ཡུལ14ཡོད་པ་རེད། མཚོ་སྔོན་སློབ་ཆེན་གྱི་འཕྲུལ་ཆས་ཇུས་འགོད་བཟོ་སྐྲུན་དང་དེའི་རང་འགུལ་ཅན་དང་རྒྱུ་ཆའི་ཚན་རིག་དང་བཟོ་སྐྲུན། ས་ཤིང་བཟོ་སྐྲུན། རྫས་འགྱུར་བཟོ་སྐྲུན། བཟོ་རྩལ་བཟོ་སྐྲུན། ས་གཤིས་བཟོ་སྐྲུན། སྲོག་ཆགས་ཚན་རིག ནགས་ཚལ་ཚན་རིག སྔོན་འགོག་གསོ་རིག ཀྲུང་ལུགས་གསོ་རིག རྩིས་གཉེར་རིག་པ་བཅས་ཀྱི་ཆེད་ལས11དེ2021ལོའི་ལོ་འཁོར་མོའི་རྒྱལ་ཁབ་རིམ་པའི་དངོས་གཞི་ཚན་ཁག་གི་ཆེད་ལས་རྩེ་གྲ་འཛུགས་སྐྲུན་བྱེད་ཡུལ་ནང་ཚུད་ཅིང་། ལྡུམ་རའི་ལག་རྩལ་དང་སྨན་ཞབས་རིག་པ། བཟོ་སྐྲུན་དོ་དམ་བཅས་ཆེད་ལས3ནི2021ལོའི་ལོ་འཁོར་མོའི་ཞིང་ཆེན་རིམ་པའི་དངོས་གཞི་ཚན་ཁག་གི་ཆེད་ལས་རྩེ་གྲ་འཛུགས་སྐྲུན་བྱེད་ཡུལ་དུ་བདམས་པ་རེད། མིག་སྔའི་བར་མཚོ་སྔོན་སློབ་ཆེན་གྱི་རྒྱལ་ཁབ་རིམ་པའི་ཆེད་ལས་རྩེ་གྲ་འཛུགས་སྐྲུན་བྱེད་ཡུལ21དང་ཞིང་ཆེན་རིམ་པའི་ཆེད་ལས་རྩེ་གྲ་འཛུགས་སྐྲུན་བྱེད་ཡུལ16ལ་ཆོག་མཆན་ཐོབ་ཡོད།
རྩོམ་སྒྲིག་པ། སྣང་རྡོར།