ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ཁ་པར་འདི་འདྲ་ཞིག་འབྱོར་ཚེ་ངེས་པར་དུ་ཉན་རོགས།

སྤེལ་དུས 2022-06-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
        གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཉེན་ཟོན་སྔོན་བརྡ་དང་སྔོན་འགོག་གི་ནུས་པ་ཇེ་མཐོར་གཏོང་ཆེད་“ཨང་གྲངས་12381ཁ་བསླུས་དང་འབྲེལ་ཡོད་ཀྱི་ཉེན་ཟོན་བརྡ་འཕྲིན་”དང་རྒྱལ་ཡོངས་ཀྱི་སྒུལ་བདེའི་ཁ་པར་བྱང་བུའི་དཔང་གཅིག་ཀུན་འཚོལ་སོགས་ཀྱི་ཞབས་ཞུ་བཏོན་རྗེས། བཟོ་ལས་དང་ཆ་འཕྲིན་ཅན་པུས་(工业和信息化部)ཡང་བསྐྱར་ཁ་བསླུས་འགོག་པའི་མཚོན་ཆ་རྣོ་ངར་ཅན་སྟེ་བསླུ་རྒོལ་མིང་བྱང་(反诈名片)ཞེས་པའི་ཞབས་ཞུ་བཏོན་པ་རེད།

        བརྙན་ཐུང་གི་ཡོང་ཁུངས། བཟོ་ལས་དང་ཆ་འཕྲིན་ཅན་པུའུ།
        བཟོ་ལས་དང་ཆ་འཕྲིན་ཅན་པུས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་ནང་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་པ་མང་པོ་བཏང་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་མགོ་སྐོར་ཐེབས་ཡོད་སའི་མང་ཚོགས་ལ་ཉེན་ཟོན་ཁ་ཏའི་ལས་དོན་སྤེལ་བ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། འོན་ཀྱང་དོན་དངོས་ཀྱི་ལས་ཀའི་ཁྲོད། མང་ཚོགས་ཀྱིས་རྟག་ཏུ་སྤྱི་བདེ་ལས་ཁུངས་ཀྱི་ཉེན་ཟོན་ཁ་པར་དེ་མགོ་སྐོར་ཁ་པར་རམ་དོན་མེད་ཁ་པར་ཡིན་པར་སྙམ་ནས་ཁ་པར་མི་ལེན་པའི་གནས་ཚུལ་ཐོན་གྱི་ཡོད། དེས་ཉེན་བརྡ་དང་ཁ་ཏ་བསླབ་བྱ་ལེགས་འགྲུབ་ཡོང་བར་འགལ་རྐྱེན་བཟོ་བཞིན་ཡོད།
        གོང་གསལ་གྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་ཆེད། བཟོ་ལས་དང་ཆ་འཕྲིན་ཅན་པུའི་མཛུབ་ཁྲིད་པུའི་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས་དང་མཉམ་འབྲེལ་བྱས་ཏེ་ཀྲུང་གོ་གློག་འཕྲིན་དང་། ཀྲུང་གོ་སྒུལ་བདེ། ཀྲུང་གོ་མཉམ་འབྲེལ་བཅས་སྒྲིག་འཛུགས་བྱས་ནས“བསླུ་རྒོལ་མིང་བྱང”བཏོན་པ་དང་། རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱི་ཁ་བསླུས་ངོ་རྒོལ་གྱི་ཉེན་ཟོན་སྔོན་བརྡའི་ཁ་པར་ཨང་གྲངས་ལ་རྟགས་བརྒྱབ་པ་དང་ཁ་པར་ཐོན་བརྡ་བཟོས་ནས། མང་ཚོགས་ཀྱི་ཁ་པར་ཡོང་ཁུངས་གསལ་འབྱེད་ནུས་ལྡན་བྱས་ནས་ཉེན་ཟོན་ཁ་པར་གྱི་དབང་གྲགས་རང་བཞིན་དང་དུས་ཐོག་རང་བཞིན་མཐོར་འདེགས་བྱས་ཡོད།
        ངོ་སྤྲོད་བྱས་པར་ལྟར་ན། ཁྱེད་ལ་བསླུ་རྒོལ་མིང་བྱང་ཞེས་པའི་མིང་ཅན་གྱི་ཁ་པར་འབྱོར་ཚེ་བློ་བདེ་པོའི་ངང་ཉན་ཆོག་གི་ཡོད། གལ་སྲིད་དོགས་གནད་ཡོད་ན་96110ལ་ཁ་པར་བརྒྱབ་ནས་འདྲི་རྩད་བྱས་ཆོག
རྩོམ་སྒྲིག་པ། སྣང་རྡོར།