ཉལ་ཁར་ཁ་པར་རྩེ་ན་མིག་ལ་གནོད་པ་མ་ཟད་ཚེ་ཐག་ཡང་ཐུང་དུ་འགྲོ།
སྤེལ་དུས 2022-06-24
ཡོང་ཁུངས། མི་དམངས་དྲ་བ།
རྩོམ་པ་པོ།
ཁྱོད་ཀྱིས་རྒྱུན་དུ་དགོང་མོ་གློག་བསད་རྗེས་མི་གཉིད་པར་ཁ་པར་ལ་ལྟ་བཞིན་ཡོད་དམ། ཉིན་ཤས་གོང་། པ་ཁེ་རྒན་འགྱུར་ཞིབ་འཇུག་ཁང་གི་ཞིབ་འཇུག་རྣམ་གྲངས་ཤིག་ལས་བཟའ་བཏུང་དང་། མིག ཚེ་ཚད་བཅས་བར་གྱི་འབྲེལ་བ་ཤེས་རྟོགས་བྱུང་བ་དང་། འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་དེ《རང་བྱུང•གསར་འགྱུར》ཐོག་བཀོད་ཡོད། ཞིབ་འཇུག་མི་སྣས་མཚན་མོ་གློག་ཀླད་དམ་ཡང་ན་ལག་འཁྱེར་ཁ་པར་གྱི་བརྙན་ཤེལ་ལ་ལྟ་བ་སོགས་འོད་ཀྱིས་སྦགས་པའི་ཁོར་ཡུག་ཁྲོད་ཕྱིར་མངོན་ཚེ་ཚིགས་འགྲོས་དུས་ཚོད་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཀྱི་ཡོད་ཅིང་། འདིས་མིག་ཤེད་ལ་གནོད་པ་མ་ཟད། ད་དུང་ཀླད་ཆེན་དང་ཐ་ན་གཟུགས་པོ་ཡོངས་ལའང་ཤུགས་རྐྱེན་ཐེབས་བཞིན་ཡོད། ཞིབ་འཇུག་གི་གྲུབ་འབྲས་འདི་ལ་བལྟས་ཚར་རྗེས། ཁྱོད་ཀྱིས་སྔར་བཞིན་མ་ཉལ་གོང་དུ་ཁ་པར་རྩེ་རྒྱུ་ཡིན་ནམ།
རྩོམ་སྒྲིག་པ། སྣང་རྡོར།