ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

སྐད་འཕྲིན་ལ་ཡང་བྱེད་ནུས་གསར་བ་བསྣན་འདུག

སྤེལ་དུས 2022-06-28 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
        སྐད་འཕྲིན་གྱིས་གཞོན་ནུ་ལོ་ཆུང་རྣམ་པའི་གཏོང་སྤྲོད་ཚད་བཀག་ནུས་པ་དངོས་སུ་བཏོན་འདུག

        ད་ཆ་ལག་ཁྱེར་ཁ་པར་གྱི་སྐད་འཕྲིན་ཨན་ཀྲའོ་པར་གཞི་8.0.23ལ་གསར་དུ་བརྗེས་རྗེས། ཕ་མའམ་ཡང་ན་ལྟ་སྐྱོང་པས་གཞོན་ནུ་ལོ་ཆུང་གི་རྣམ་པའི་ཁྲོད་སྐད་འཕྲིན་ཐོག་ནས་གཏོང་སྤྲོད་བྱེད་པའི་ཚད་བཀག་བཟོས་ཆོག་པ་དང་། དེའི་ནང“ཉིན་རེའི་འཛད་སྤྱོད་ཚད་གཞི”དང“ཐེངས་གཅིག་གི་འཛད་སྤྱོད་ཚད་གཞི”ཚུད་ཡོད་པ་རེད། དེ་གསར་འཛུགས་བྱས་རྗེས་གཞོན་ནུ་ལོ་ཆུང་གིས་སྐད་འཕྲིན་བརྒྱུད་གཏོང་སྤྲོད་བྱེད་སྐབས་གསར་འཛུགས་བྱས་པའི་གྲངས་ཚད་ཀྱི་ཚད་བཀག་ཐེབས་རྒྱུ་རེད།
        ཞིབ་ཕྲའི་བྱེད་སྟངས་ནི་འདི་ལྟར་ཡིན་ཏེ། སྐད་འཕྲིན་དུ་ཞུགས་རྗེས། “ང—གསར་འཛུགས—གཞོན་ནུ་ལོ་ཆུང་གི་རྣམ་པ—སྐད་འཕྲིན་གྱི་གཏོང་སྤྲོད”བརྒྱུད་ནས་གསར་འཛུགས་བྱས་ཆོག 




        གཏོང་སྤྲོད་བཅད་གྲངས་ཀྱི་ནུས་པ་གསར་འཛུགས་བྱས་རྗེས། གཞོན་ནུ་ལོ་ཆུང་གིས་ཉིན་རེར་རིམ་རྩིས་བྱས་ན་འཛད་སྤྱོད་བྱེད་ཚད་ལྟ་སྐྱོང་པས་བཙུགས་པའི་ཉིན་རེའི་འཛད་སྤྱོད་བཅད་གྲངས་ལས་བརྒལ་ཐབས་བྲལ་བ་དང་། ཐེངས་གཅིག་ལ་འཛད་སྤྱོད་བྱེད་ཚད་ཀྱང་ལྟ་སྐྱོང་པས་བཙུགས་པའི་འཛད་སྤྱོད་བཅད་གྲངས་ལས་བརྒལ་ཐབས་མེད། ཁྱིམ་བདག་གིས་གཞོན་ནུ་ལོ་ཆུང་གི་འཛད་སྤྱོད་གནས་ཚུལ་ལ་གཞིགས་ནས། ལུགས་མཐུན་གྱི་འཛད་སྤྱོད་བཅད་གྲངས་བཟོས་ཏེ་གཞོན་ནུ་ལོ་ཆུང་གི་བདེ་ཐང་འཛད་སྤྱོད་ལ་ཁྲིད་སྟོན་བྱས་ནས། ཡང་དག་པའི་རྒྱུ་ནོར་གྱི་ལྟ་བ་དང་འཛད་སྤྱོད་ཀྱི་ལྟ་བ་ཆགས་པ་བྱས་ཏེ་མཐར་ཕྲུ་གུ་ལུས་སེམས་ཀུན་གྱི་ཐད་ནས་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
        མིག་སྔར་iOSཡི་སྐད་འཕྲིན་ལའང་རིམ་བཞིན་ཁྱབ་ཡོད་ལ། སྐད་འཕྲིན་གྱི་པར་གཞི་གསར་ཤོས་ལ་བརྗེས་རྗེས་དེ་ཉམས་ལེན་བྱེད་ཆོག་གི་ཡོད། 
རྩོམ་སྒྲིག་པ། སྣང་རྡོར།