སློབ་གསོ་པུས་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་བྱ་ཆེད་དུ......
སྤེལ་དུས 2022-08-04
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
ཉེ་ཆར་སློབ་གསོ་པུའི་གཞུང་དོན་ཐིང་གིས《སྤྱི་ལོ་2022ལོའི་རྒྱལ་ཡོངས་ཀྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་རྟེན་གཞི་གདམ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་རྒྱལ་ཡོངས་ཀྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་རྟེན་གཞི་ཁག་དང་པོ་གདམ་གསེས་དང་འཛུགས་སྐྲུན་བྱ་རྒྱུའི་བཀོད་སྒྲིག་བྱས་ཡོད། སྤྱི་ལོ་2022ལོར་ཁག་དང་པོར་རྟེན་གཞི་30ཡས་མས་གདམ་རྒྱུ་རེད།

བརྡ་ཐོར་གཞིགས་ན། རྟེན་གཞི་གདམ་གསེས་དང་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་ནི་རྟེན་གཞིར་བརྟེན་ནས་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་གྱི་ལེགས་གྲུབ་ལྡན་པའི་ཉམས་མྱོང་དང་མ་དཔེ་ཕྱོགས་སྡོམ་དང་། སྒྲིག་སྲོལ་ལམ་སྲོལ་འཚོལ་ཞིབ་དང་གསར་གཏོད་བྱེད་པ། ཆེད་ལས་ཀྱི་ཁྲིད་སྟོན་བཟང་ཆ་འདོན་སྤེལ་གང་ལེགས་བཅས་བྱས་ནས། རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་གྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་བ་དང་། བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་ཕྱོགས་བསྡུས་ཐོག་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་ཀའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་དེ་ཡིན་པ་རེད། བརྡ་ཐོའི་ནང་རྟེན་གཞི་གདམ་གསེས་ཀྱི་རྩ་དོན་དེ་སྒྱུར་བཅོས་གསར་གཏོད་ལ་སྣང་ཆེན་བྱེད་པ་དང་ལས་ཀའི་ཕན་འབྲས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། ཁག་བགོས་ནས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་གསལ་པོར་བཏོན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་། སློབ་གསོ་པུས་རྒྱལ་ཡོངས་ཀྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་རྟེན་གཞི་100ལྷག་ཙམ་གདམ་གསེས་བྱས་ནས་བསྐྲུན་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།