ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

སློབ་འབྲིང་སློབ་མས་བོད་ཡིག་ཡིག་གཟུགས་སྦྱོང་བཞིན་པ།

སྤེལ་དུས 2023-05-16 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

         ཟླ་5ཚེས་7ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་སློབ་འབྲིང་གི་བོད་ཡིག་ཡིག་གཟུགས་ལ་དགའ་པོ་བྱེད་མཁན་འཛིན་གྲྭའི་དགེ་རྒན་བཀྲ་ཤིས་ཟླ་བས་སློབ་ཕྲུག་ཚོར་སློབ་ཚན་འཁྲིད་བཞིན་པ། 
         སྤྲོ་སྣང་ལྡན་པའི་འཛིན་གྲྭ་དེ་བོད་ཡིག་དགེ་རྒན་གཉིས་ཀྱིས་སློབ་ཁྲིད་བྱེད་བཞིན་ཡོད་པ་དང་། གཟའ་འཁོར་རེར་རང་སྦྱོང་སློབ་ཚན་ནམ་ཡང་ན་དགོང་ཚོགས་ཀྱི་དུས་ཚོད་སྤྱད་དེ་སློབ་མ་དང་དགེ་རྒན་ལ་སློབ་ཚན་གཉིས་རེ་སློབ་ཁྲིད་བྱེད་བཞིན་ཡོད། སློབ་ཚན་གྱི་ནང་དོན་ནི་སྨྱུ་གུ་འཛིན་སྟངས་དང་། སྤྱོད་སྟངས། འབྲི་སྟངས་སོགས་ཀྱི་རྨང་གཞིའི་ཡིག་གཟུགས་འབྲི་རྩལ་དང་། དེ་བཞིན་བོད་ཡིག་དབུ་ཅན་དང་འབྲུ་ཚ། ཚུགས་རིང་། ཚུགས་ཐུང་སོགས་འདྲ་མིན་སྦྱོང་བཞིན་ཡོད་པ་རེད། 

རྩོམ་སྒྲིག་པ། སྣང་རྡོར།