ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ལུས་སྦྱོང་བྱེད་པའི་དུས་ཚོད་འཚམ་ཤོས་ག་དུས་ཡིན་པ་ཤེས་སམ།

སྤེལ་དུས 2023-08-02 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
      མི་མང་པོས་ཞོགས་པ་ཉི་མ་མ་ཤར་གོང་ལུས་སྦྱོང་བྱེད་ཀྱི་ཡོད། དོན་དུ་ཞོགས་པ་ཉི་མ་མ་ཤར་གོང་གནམ་གཤིས་བསིལ་ལ་དྲོད་ཚད་དམའ་བས་ཆམ་པ་དང་། རུས་ཚིགས་ནད། སྙིང་ནད་སོགས་ཕོག་སླ་པོ་ཡོད། ལྷག་པར་དུ་ཞོགས་པ་ལྕང་མ་དང་མེ་ཏོག་མང་པོ་ཡོད་སར་དེ་བས་ཡིད་གཟབ་བྱེད་དགོས། གང་ཡིན་ཟེར་ན། ལྕང་མ་དང་མེ་ཏོག་རིགས་ཀྱིས་མཚན་མོ་གསོ་རླུང་འཐེན་པ་དང་། ཞོགས་པ་དབྱང་གཉིས་ཐཱན་འགྱུར་ཕྱིར་གཏོང་གི་ཡོད་པས། ཉི་མ་མ་ཤར་གོང་ལྕང་གསེབ་ཏུ་དབྱང་གཉིས་ཐཱན་འགྱུར་གྱི་རླངས་གཟུགས་མང་པོ་ཡོད། གལ་ཏེ་མི་ཚོས་ཁོར་ཡུག་དེ་འདྲར་དབུགས་འབྱིན་རྔུབ་བྱས་ན། དབྱང་གཉིས་ཐཱན་འགྱུར་འབོར་ཆེན་སྣང་མེད་དུ་བརྔུབས་པའི་དབང་གིས་མགོ་ན་བ་དང་། མགོ་ཡུར་འཁོར་བ་སོགས་ཡོང་སྲིད། ད་དུང་རྩི་ཤིང་རིགས་ཀྱིས་འོད་སྦྱོར་ནུས་པར་བརྟེན་ནས་དབྱང་རླུང་ཕྱིར་གཏོང་གི་ཡོད་པས། ཚང་མས་ཞོགས་པ་ཉི་མ་ཤར་རྗེས་ལྕང་གསེབ་ཏུ་ལུས་སྦྱོང་བྱས་ན་ཚན་རིག་དང་མཐུན་པ་ཞིག་ཡིན་ནོ།
རྩོམ་སྒྲིག་པ། སྣང་རྡོར།