ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ཚན་རིག་པས་ཉེན་བརྡ་བཏང་འདུག

སྤེལ་དུས 2023-08-10 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
       ཡོ་རོབ་མནའ་འབྲེལ་གནམ་གཤིས་ལྟ་ཞིབ་ཚད་ལེན་སྒྲིག་གཞིའི་ཀོ་པའེ་ཉིའི་གནམ་གཤིས་འགྱུར་ལྡོག་ཞབས་ཞུ་ཅུས་ཀྱིས་ཟླ་8ཚེས་4ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་གསལ། ཟླ་7ཚེས་30ཉིན། གོ་ལ་ཧྲིལ་པོའི་རྒྱ་མཚོའི་ཕྱི་ངོས་ཀྱི་ཆ་སྙོམས་དྲོད་ཚད་ཉེ་བའི་ལོ་ཤས་རིང་གི་མཐོ་ཤོས་ཡིན། ཉིན་དེར་གླིང་སྣེའི་ས་ཁུལ་གྱི་མཚོ་ཁོངས་ཕུད་གོ་ལ་ཧྲིལ་པོའི་རྒྱ་མཚོའི་ཕྱི་ངོས་ཀྱི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་20.96ཟིན་ནས། 2016ལོར་ཕབ་པའི་ཧྲེ་ཧྲི་ཏུའུ་20.95ལས་བརྒལ་ཏེ་དུས་རབས་20པའི་ལོ་རབས་80པའི་ཀོ་པའེ་ཉིའི་གནམ་གཤིས་འགྱུར་ལྡོག་ཞབས་ཞུ་ཅུས་ཀྱིས་འབྲེལ་ཡོད་གཞི་གྲངས་ལྟ་ཞིབ་ཚད་ལེན་བྱས་ཚུན་གྱི་དྲོད་ཚད་མཐོ་ཤོས་ཀྱི་ཟིན་ཐོ་ཞིག་ཏུ་གྱུར་ཡོད་པ་རེད།
       ཚན་རིག་མཁས་ཅན་གྱིས་སྤྱིར་བཏང་གནས་ཚུལ་འོག གོ་ལ་ཧྲིལ་པོའི་རྒྱ་མཚོའི་ཕྱི་ངོས་ཀྱི་ཆ་སྙོམས་དྲོད་ཚད་མཐོ་ཤོས་ཀྱི་དུས་ཚོད་ནི་ལོ་རེའི་ཟླ་3པ་ཡིན་པ་ལས་ཟླ་8པ་མིན་པས། ཟིན་ཐོ་དེ་སླད་ཕྱིན་གྱི་ཟླ་ཤས་ནང་སླར་ཡང་བརྒལ་སྲིད་ཅེས་ཉེན་བརྡ་བཏང་འདུག
རྩོམ་སྒྲིག་པ། སྣང་རྡོར།