ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

པེ་ཅིང་གི་རང་འབབ་ཆུ་ཇེ་འཁྱག་ཏུ་གྱུར་དོན་ཅི་ཡིན་ནམ།

སྤེལ་དུས 2023-08-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       ཉེ་ཆར། གྲོང་མི་ཁ་ཤས་ཀྱིས་དྲ་ཐོག་ནས་པེ་ཅིང་གི་རང་འབབ་ཆུ་ཇེ་འཁྱག་ཏུ་གྱུར་འདུག་ཅེས་པའི་བརྗོད་གཞི་དེར་གླེང་མོལ་གང་མང་བྱེད་བཞིན་འདུག སྤྱི་ཟླ་8ཚེས་8ཉིན། པེ་ཅིང་གྲོང་ཁྱེར་རང་འབབ་ཆུའི་ཚོགས་པས་ཡིག་ཆ་བཀྲམ་ནས་རང་འབབ་ཆུ་ཇེ་འཁྱག་ཏུ་གྱུར་བའི་རྒྱུ་རྐྱེན་གཙོ་བོ་གསལ་བཤད་བྱས་ཡོད་དེ།
       ཆུ་འབྲུབ་པའི་དབང་གིས་ཉེ་ཆར་པེ་ཅིང་གྲོང་ཁྱེར་གྱི་རང་འབབ་ཆུའི་ཚོགས་པས་ས་གནས་དེ་གའི་སྨི་ཡུན་ཆུ་མཛོད་ཀྱི་ཆུ་ལེན་ཚད་ཇེ་ཆེར་བཏང་པ་དང་། ཆུ་ལེན་ས་སྨི་ཡུན་ཆུ་མཛོད་ཀྱི་ཆུ་རྟིང་ཅུང་ཟབ་ས་རུ་ཡོད་པ་དང་། མིག་སྔར་ཆུའི་དྲོད་ཚད་ཧྲེ་ཧྲི་ཏུའུ་10ཡས་མས་རེད། དེ་གོང་དང་བསྡུར་ན་ཆུ་མཁོ་འདོན་བྱ་ཡུལ་ཁག་གཅིག་གི་རང་འབབ་ཆུའི་དྲོད་ཚད་ཅུང་དམའ་མོ་རེད།

རྩོམ་སྒྲིག་པ། སྣང་རྡོར།