ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ཁྱེད་ཀྱིས་བཏུང་བྱ་ཁུ་ནག་གི་གནོད་སྐྱོན་འདི་དག་ཤེས་སམ།

སྤེལ་དུས 2023-08-11 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
       གཅིག །བཏུང་བྱ་ཁུ་ནག་ནང་ཀོག་ཧྥེ་དབྱིན་ཡོད་པས་འཐུངས་དྲགས་ན་སྙིང་ཁ་འཕར་ཤུགས་ཆེ་རུ་འགྲོ་ཡི་འདུག །
       གཉིས། བཏུང་བྱ་ཁུ་ནག་འཐུངས་དྲགས་ན་བཏུང་བྱ་ཁུ་ནག་ནང་གི་རྫས་འགྱུར་དངོས་པོ་ལེམ་སྐྱུར་དང་དབྱང་གཉིས་ཐཱན་འགྱུར་ཞུ་ནས་སོ་རུལ་འགྲོ་ཡི་འདུག །
       གསུམ། བཏུང་བྱ་ཁུ་ནག་ནང་མངར་ཆ་མང་བས་ཤ་རྒྱགས་པ་ཆགས་ཀྱི་འདུག །གཟུགས་བྱད་ལ་དང་དོད་གནང་མཁན་ཚོས་འཛེམས་ན་ཡག་པོ་འདུག །
       བཞི། བཏུང་བྱ་ཁུ་ནག་གིས་མངལ་འཁོར་བའི་སྦྲུམ་མར་གནོད་པ་ཆེ།  བཏུང་བྱ་ཁུ་ནག་ནང་གི་ཀོག་ཧྥེ་དབྱིན་གྱིས་ཕྲུ་གུའི་ཀླད་པ་དང་སྙིང་སོགས་ལ་གནོད་འཚེ་ཆེ་བས་ཕྲུ་གུ་ཡ་མ་གཟུགས་སྐྱེས་པའམ་ལྷན་སྐྱེས་རང་བཞིན་གྱི་ནད་ཕོག་ཉེན་ཆེ།
       ལྔ། བཏུང་བྱ་ཁུ་ནག་བཏུང་རྒྱུར་དགའ་བའི་མིའི་རུས་པ་སོབ་སོབ་ཆགས་ཚད་བཏུང་བྱ་ཁུ་ནག་མི་འཐུང་མཁན་ལས་ལྡབ་5ཡིས་ཆེ་བ་ཡོད། དེ་ནི་བཏུང་བྱ་ཁུ་ནག་ནང་གི་རྫས་འགྱུར་དངོས་པོ་ལེམ་སྐྱུར་གྱིས་ལུས་པོའི་འཚོ་བཅུད་ཀལ་བསྡུ་ལེན་བྱེད་ཀྱི་ཡོད་པས་ཡིན།
       དྲུག །བཏུང་བྱ་ཁུ་ནག་འཐུངས་དྲགས་ན་ཕོ་བ་དང་རྒྱུ་མར་གནོད་པ་ཆེ། དེ་སྔ་མི་ཞིག་གིས་བཏུང་བྱ་ཁུ་ནག་གི་ལྕགས་ཀྲིན་ནང་ལྕགས་གཟེར་གཅིག་བླུགས་ནས་ཚོད་ལྟ་བྱེད་སྐབས། དུས་ཚོད་གང་འཚམ་སོང་རྗེས་ལྕགས་གཟེར་དེ་ཞུར་འདུག དེར་བརྟེན་གལ་སྲིད་ང་ཚོས་རྒྱུན་དུ་བཏུང་བྱ་ཁུ་ནག་འཐུངས་དྲགས་ན་ཕོ་བ་དང་རྒྱུ་མར་གནོད་པ་ཆེན་པོ་བཟོ་གི་འདུག །
       ཡག་ཤོས་བྱུང་ན་ནམ་རྒྱུན་ང་ཚོས་བཏུང་བྱ་ཁུ་ནག་བཏུང་རྒྱུ་མེད་པ་དང་། བཏུང་ནའང་ཚད་རན་པོ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེའོ། །
རྩོམ་སྒྲིག་པ། སྣང་རྡོར།