ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

བརྙན་འཕྲིན་བལྟ་བར་རིན་པ་བསྡུ་བའི་གནས་ཚུལ་ལ་དག་ཐེར་བཅོས་སྒྲིག་བྱ་རྒྱུ།

སྤེལ་དུས 2023-08-25 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
       ཚེས་21ཉིན། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ། པེ་ཅིན་དུ་བརྙན་འཕྲིན་བལྟ་བར་རིན་པ་བསྡུ་བ་དང་བཀོལ་སྤྱོད་རྙོག་འཛིང་ཆེ་བའི་ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། ད་ལོའི་ལོ་མཇུག་གོང་། ཚོད་ལྟའི་ལས་དོན་དང་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་དང་། “རིན་བསྡུ་རྣམ་གྲངས་མང་བ་དང་། རིན་པ་བསྡུ་མཁན་མང་བ། རིན་པ་བསྡུ་སྟངས་ཁ་གསལ་མེད་པ”བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ། བརྙན་འཕྲིན་གྱི་རིན་བསྡུའི་སྣང་ཚུལ་མངོན་གསལ་དོད་པོས་ལེགས་སུ་གཏོང་དགོས་པ་དང་། བཀོལ་མཁན་གྱིས་བརྙན་འཕྲིན་ལ་བལྟ་བའི་མྱོང་བ་ལེགས་སུ་ཤུགས་ཆེར་གཏོང་བ། སྐུད་ཡོད་བརྙན་འཕྲིན་དང་IPTVཁ་ཕྱེ་བ་དང་ཐད་གཏོང་འཕྲིན་ལམ་ལ་བལྟ་ཐུབ་པ་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་དགོས། 
       ཚོགས་འདུའི་བླང་བྱ་ལྟར་ན། སྐུད་ཡོད་བརྙན་འཕྲིན་དང་། IPTV དྲ་སྦྲེལ་བརྙན་འཕྲིན་བཅས་མ་ལག་ཆེན་པོ་གསུམ་གཅིག་གྱུར་འཆར་འགོད་བྱས་ནས། བརྙན་འཕྲིན་གྱི་བརྙན་ཤེལ་ཆེན་པོའི་འདུ་ཤེས་འཛིན་སྟངས་ཀྱི་ངོ་བོ་དང་། སྤྱི་པའི་ཞབས་ཞུའི་ངོ་བོ། ལག་རྩལ་ཐོན་ལས་ཀྱི་ངོ་བོ་བཅས་སྟངས་འཛིན་ཡག་པོ་བྱས་ཏེ། འགག་སྒྲོལ་དཀའ་སེལ་དང་མཐུན་སྦྱོར་མཉམ་འགུལ་གྱིས་ནུས་ཤུགས་ཡོད་རྒུས“བརྙན་འཕྲིན་ལྟ་དཀའ་བ་དང་བརྙན་འཕྲིན་ལྟ་མི་འདོད་པ”ཡི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས། མི་དམངས་མང་ཚོགས་ཀྱིས་བརྙན་འཕྲིན་ལ་བལྟ་བའི་བློ་ཡིད་ཚིམ་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་། རླུང་འཕྲིན་བརྙན་འཕྲིན་དང་དྲ་རྒྱའི་བརྙན་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། 
རྩོམ་སྒྲིག་པ། སྣང་རྡོར།