ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

«འཛམ་གླིང་གེ་སར་རྒྱལ་པོའི་གཏམ་དཔེ་ཀུན་འདུས»པར་སྐྲུན་བྱས།

སྤེལ་དུས 2024-01-16 ཡོང་ཁུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྩོམ་པ་པོ།
     ཉེ་ལམ། མུ་པོ་ལགས་ཀྱིས་གཙོ་སྒྲིག་བྱས་པའི«འཛམ་གླིང་གེ་སར་རྒྱལ་པོའི་གཏམ་དཔེ་ཀུན་འདུས་སྨྲ་བའི་མགྲིན་རྒྱན»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

     དེབ་འདི་ཉིད་ནི་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་དུས་ཡུན་ཐུང་ཐུང་གི་ནང་དུ་གླིང་གེ་སར་རྒྱལ་པོའི་སྒྲུང་གི་ཉིང་བཅུད་གཏམ་དཔེ་དེ་དག་གི་དཔལ་ལ་རོལ་ཐུབ་པ་དང་ཞིབ་འཇུག་བྱ་བདེ་བའི་ཆེད་དུ། གཙོ་སྒྲིག་པས་བགྲང་ལོ་གཉིས་ཀྱི་རིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི«བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི»དེབ་སུམ་བརྒྱ་ལས་འདེམ་སྒྲིག་བྱས་ནས་བསྒྲིགས་པ་ཞིག་ཡིན་ལ། གཏམ་དཔེ་རེ་རེའི་མཇུག་ཏུ་དཔེ་དེབ་ཀྱི་པོད་གྲངས་དང་ལྡེབ་གྲངས་སོགས་གསལ་བོར་བཀོད་ཡོད་པས། འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་གི་གཏམ་དཔེ་ལ་མྱོང་རོལ་དང་ཞིབ་འཇུག་བྱེད་པར་སྟབས་བདེ་གང་མང་ཞིག་སྐྲུན་ཡོད་དོ།།
རྩོམ་སྒྲིག་པ། སྣང་རྡོར།