དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

ཁྱེད་རང་ཨ་ཅུག་རྩེད་མོར་རྒྱུས་མངའ་ཡོད་དམ།

སྤེལ་དུས 2021-03-02 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
          དཔྱིད་རླུང་གིས་ས་གཞིར་དྲོ་སྐྱིད་སྦྱིན་པ་བཞིན། ཏང་གི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་སྲིད་ཇུས་ཀྱིས་མི་རིགས་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་གསར་པ་སྦྱིན་བཞིན་ཡོད།   
          ཉེ་དུས། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་སྐོར་གྱི་བསམ་འཆར་ཞེས་པ་པར་འགྲེམས་བྱས་ནས། ས་ཁུལ་ཁག་དང་ཚན་པ་ཁག་གིས་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་དགོས་པའི་བླང་བྱ་བཏོན་ཡོད།          
          བསམ་འཆར་ནང་སྤྱི་ལོ་༢༠༢༥ལོར་སླེབས་སྐབས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གོང་འཕེལ་མ་ལག་རྩ་བའི་ཆ་ནས་གྲུབ་པར་བྱས་ནས། རིག་གནས་ཀྱི་རང་རྟོགས་རང་བཞིན་དང་རིག་གནས་ཀྱི་གདེང་ཚོད་མཐོ་རུ་བཏང་ཐོག་ཀྲུང་ཧྭའི་རིག་གནས་ཀྱི་རྒྱལ་སྤྱིའི་ཤུགས་་རྐྱེན་མངོན་གསལ་དོད་པོས་གོང་མཐོར་གཏང་དགོས་པའི་རེ་བ་བཏོན་ཡོད།

          བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ནི་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་རིག་གནས་བང་མཛོད་ཁྲོད་ཀྱི་ནོར་བུ་ཞིག་ཡིན་ལ། འཚོ་བ་དང་དུས་རབས་ཇི་ལྟར་འགྱུར་ཡང་དེ་ནི་རྒྱུན་འཛིན་དང་དར་སྤེལ་གཏོང་འོས་པ་ཞིག་ཡིན། དེ་རིང་ང་ཚོས་བོད་ཀྱི་སྲོལ་རྒྱུན་རོལ་རྩེད་རིག་གནས་ལས་བོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་རྩེད་མོའི་རྣམ་གྲངས་ཐེ་གེའི་རིག་གནས་ཏེ། དེ་ཡང་དབུས་གཙང་སྐད་དུ་ཨ་ཅུག་ཅེས་པའི་སྲོལ་རྒྱུན་རོལ་རྩེད་ཀྱི་རིག་གནས་འདི་ལ་རྒྱུས་ལོན་ཞིག་གནང་ངོ་།། གཤམ་ལ་བོད་བྱང་ཐང་གི་དམངས་ཁྲོད་རིག་གནས་ལ་རྒྱུས་མངའ་ཆེ་བའི་རྒན་ནོར་བུ་བཀྲ་ཤིས་ལགས་ནས་བྱིས་པའི་སྲོལ་རྒྱུན་རོལ་རྩེད། ཨ་ཅུག་སྐོར་ངོ་སྤྲོད་གནང་ཡོད།

རྩོམ་སྒྲིག་པ། སྣང་རྡོར།