དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

གཙོད་སྣ་རིང་གི་རྭ་ཅོ་ལྐོག་ཚོང་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་པ།

སྤེལ་དུས 2021-06-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
 གྱོད་འབྲེལ་དངུལ་སྒོར་དུང་ཕྱུར་2ཟིན་པའི་གཙོད་སྣ་རིང་གི་རྭ་ཅོ་ལྐོག་ཚོང་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་པ།

          ཉེ་ཆར། ཤིན་ཅང་ཨུ་ལུམ་ཆི་འགག་སྒོ་ལས་ཁུངས་ལྐོག་འདྲེན་འཛིན་བཟུང་ཅུད་ཀྱིས་ཤིན་ཅང་དབྱི་ལི་ཁུལ་གྱི་ས་གནས་སྤྱི་བདེ་དང་ལྕགས་ལམ་སྤྱི་བདེ།ཧོ་ཧྥེ་འགག་སྒོའི་ལྐོག་འདྲེན་འཛིན་བཟུང་ཅུད་བཅས་དང་མཉམ་འབྲེལ་ཐོག་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཀྱི་ཐོན་རྫས་ལྐོག་འདྲེན་དང་།ལྐོག་ཚོང་བྱེད་མཁན་ཉེས་གསོག་ཚོགས་པ་ཞིག་མེད་པར་བཟོས་ཡོད་པ་དང་། རྒྱལ་ནང་དུ་ལྐོག་འདྲེན་བྱས་པའི་དོགས་པ་ཡོད་པའི་གཙོད་སྣ་རིང་གི་རྭ་ཅོ་2530དང་ཉེས་གསོག་དོགས་ཡོད་པ་14  གྱོད་འབྲེལ་དངུལ་སྒོར་དུང་ཕྱུར་2.24བཅས་རྩད་ཆོད་ཡོད།

          འདི་ནི་ཉེ་བའི་ལོ་འགའི་རིང་རྒྱལ་ཡོངས་ཀྱི་འགག་སྒོའི་ལྐོག་འདྲེན་འཛིན་བཟུང་སྡེ་ཁག་གིས་རྩད་ཆོད་པའི་གྱོད་གཞི་ཆེ་ཤོས་དེ་ཡིན།
          བརྟག་དཔྱད་བྱས་པ་བརྒྱུད་ཤེས་པར། སྤྱི་ལོ་2021ལོའི་ཟླ་དང་པོ་ནས་བཟུང་། ཉེས་གསོག་དོགས་ཅན་ཀྲེང་ཆེ་གེ་མོ་དང་ཀྲའེ་ཆེ་གེ་མོ་གཉིས་ཀྱིས་མཉམ་ཇུས་བྱས་ནས་ཕྱི་རྒྱལ་གྱི་ཟོག་བདག་དང་འབྲེལ་བ་ཐེངས་མང་བྱས་ཏེ།ཕྱི་རྒྱལ་ནས་གཙོད་སྣ་རིང་གི་རྭ་ཅོ་མང་པོ་བསྡུས་ཤིང་།  མེ་འཁོར་ནང་སྦས་ནས་ལྐོག་འདྲེན་བྱས་ཏེ་ཁེ་བཟང་རག་ཐབས་བྱས་ཡོད།
          ཉེས་གསོག་དོགས་ཅན་ལི་ག་གེ་མོས་བཤད་པར་གཞིགས་ན། གཙོད་སྣ་རིང་གི་རྭ་ཅོ་ཁག་གཅིག་ཟླ་3པའི་ཟླ་འགོར་ཟོག་འགྲེམས་བརྒྱུད་ཨན་ཧུའེ་པོའོ་ཀྲོའུ་རུ་བསྐུར་ཡོད་པ་དང་།ཟླ་3ཚེས་16ཉིན། ཆེད་དོན་ཚོགས་ཆུང་གི་ཆེད་མངགས་མི་སྣ་ཨན་ཧུའེ་རུ་མངགས་གཏོང་བྱས་ཤིང་།པོའོ་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱི་གཞོགས་འདེགས་འོག་ཧོ་ཧྥེའི་འགག་སྒོའི་ལྐོག་འདྲེན་འཛིན་བཟུང་ཅུད་དང་མཉམ་དུ་ཉིན་གཉིས་པར་ཉེས་གསོག་དོགས་ཡོད་པ་ཀྲུའུ་ཆེ་གེ་མོ་འཛིན་བཟུང་བྱས་པ་མ་ཟད།གཙོད་རྭ་431རྩད་ཆོད་པ་དང་། ལྐོག་འདྲེན་ཚོགས་པའི་ཁོངས་མི་ཚང་མ་བཟུང་ཞིང་།ལྐོག་འདྲེན་གཙོད་རྭ་ཚང་མ་རྩད་ཆོད་མཐའ་གསལ་བྱུང་ནས་གཙོད་རྭ་ལྐོག་ཚོང་དང་། སྐྱེལ་འདྲེན།བར་ཚོང་རྒྱག་པ་བཅས་ཀྱི་ཉེས་གསོག་འབྲེལ་ཐག་རྦད་དེ་བཅད་ཡོད་པ་རེད།

          གཙོད་སྣ་རིང་ནི་རང་རྒྱལ་གྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་མ་ཟད།འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཀྱི་མིང་ཐོ་དམར་པོའི་ནང་བཅུག་ཡོད་པ་དང་། སྟོངས་ཉེན་ཆེ་ཤོས་ཀྱི་སྲོག་ཆགས་རིགས་སུ་གཏན་འཁེལ་བྱས་ཡོད། མིག་སྔར། འཛམ་གླིང་ཡོངས་སུ་གཙོད་སྣ་རིང་ཁྲི་5ཙམ་ལས་མེད་ཅིང་། གཙོ་བོ་ཧ་སག་སི་ཐན་དང་། ཨུ་ཙེ་པེ་ཁི་སི་ཐན། ཨུ་རུ་སུ། མོང་གོལ་བཅས་སུ་ཁྱབ་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།