ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ལྐོག་རྔན་སྒོར་དུང་ཕྱུར་1ལྷག་བླངས་པའི་འགོ་ཁྲིད་འདིར་ཚེ་བཙོན་གྱི་ཁྲིམས་ཆད་བཏང་འདུག

སྤེལ་དུས 2022-01-20 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
            ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཀྲུང་དབྱང་བརྙན་འཕྲིན་ཕྱོགས་བསྡུས་འཕྲིན་ལམ་ཐོག་སྤྱི་ཚེས་19ཉིན་བརྙན་འཕྲིན་ཆེད་སྒྲིག་ལེ་ཚན་༼བཟོད་སྒོམ་གཏན་ནས་མི་བྱེད་པ་༽ཞེས་པའི་ལེའུ་ལྔ་པ་༼ནམ་ཡང་ལམ་དུ་ཡོད་༽ཅེས་པ་དེ་བསྟན་ཡོད།
            ཧའེ་ནན་ཞིང་ཆེན་ཞིང་ཨུའི་དེ་སྔའི་རྒྱུན་ལས་ཨུ་ཡོན་དང་། ཧའེ་ཁོའུ་གྲོང་ཁྱེར་གྲོང་ཨུའི་དེ་སྔའི་ཧྲུའུ་ཅི་ཀྲང་ཆི་ཡིས།  ང་རང་འགྱོད་པ་ཆེན་པོ་སྐྱེས་ཀྱི་འདུག ངས་གནད་དོན་འདི་དག་ཐད་གུ་ཡངས་གཏོང་ཐབས་མེད་བསམ་གྱི་ཡོད།   ངའི་སེམས་ནང་རང་ཉིད་ལ་མཇུག་འབྲས་འདི་འདྲ་ཞིག་འབྱུང་སྲིད་པ་བསམ་མྱོང་མེད།  ཕྱི་རྒྱལ་དུ་བྲོས་ཕྱིན་པའི་བུ་ཡིས་མྱུར་དུ་རྒྱལ་ནང་དུ་ལོག་ནས་རང་ཉེས་ངོས་ལེན་ཞུ་བའི་རེ་བ་ཡོད་ཅེས་བརྗོད་ཡོད་པ་རེད།

            སྤྱི་ལོ་2020ལོའི་ཟླ་3པར། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཧའེ་ནན་ཞིང་ཆེན་ཞིང་ཨུའི་དེ་སྔའི་རྒྱུན་ཨུ་དང་། ཧའེ་ཁའུ་གྲོང་ཁྱེར་གྲོང་ཨུའི་དེ་སྔའི་ཧྲུའུ་ཅི་ཀྲང་ཆིས་ཏང་གི་སྒྲིག་ཁྲིམས་མང་པོ་ལས་ཚབས་ཆེན་འགལ་ཞིང་། གོ་གནས་ཀྱི་ཁྲིམས་འགལ་ཚབས་ཆེན་བྱས་པ་མ་ཟད། ལྐོག་རྔན་བླངས་པའི་ནག་ཉེས་བསགས་པའི་དོགས་གཞི་ཡོད་པས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་གཏོང་རྒྱུའི་ཐག་བཅད་པ་དང་། ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲོད་རྒྱུ་ཁྱབ་བསྒྲགས་བྱས་འདུག
            བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། ཁོ་པས་འགན་དབང་སྤྱད་དེ་མི་གཞན་ལ་ས་ཞིང་གསར་སྤེལ་དང་། རྣམ་གྲངས་འགན་ལེན། ལས་གྲྭ་སྐུལ་འདེད་སོགས་ཀྱི་ཐད་རོགས་རམ་བྱས་པ་དང་ལྐོག་རྔན་སྒོར་དུང་ཕྱུར་1.07ལྷག་ཙམ་བླངས་ཡོད། ཀྲང་ཆིའི་ཡིས་དངུལ་དེ་དག་ལེན་སྐབས་ཁྲིམས་མཐུན་གྱི་བྱེད་ཐབས་དང་གཡོ་རྫུན་གྱི་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ལྟ་སྐུལ་དོ་དམ་ལས་གཡོལ་ཐབས་བྱས་ཡོད། 

            དབང་དངུལ་བརྗེ་རེས་བྱེད་པའི་ལམ་བུའི་ཐོག  ཀྲང་ཆིའི་ཡིས་བླངས་པའི་ལྐོག་རྔན་སྒོར་དུང་ཕྱུར་1ལྷག་ཙམ་གྱི་ནང་། རང་ཉིད་ཀྱིས་ཐད་ཀར་བླངས་པའི་སྒོར་ས་ཡ་2ཡང་ཟིན་གྱི་མེད་པ་དང་། གཞན་ཚང་མ་བཟའ་ཟླ་དང་བུ་བརྒྱུད་ནས་བླངས་པ་ཡིན་པ་མ་ཟད།  གཉེར་སྐྱོང་མ་འཇོག་ལ་ཁ་གཡར་ནས་བླངས་པ་ཞིག་ཡིན་པ་རེད། 
    ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་སྤྱི་ལོ་2020ལོའི་ཟླ་3ཚེས་4ཉིན་ཀྲང་ཆིའི་གཉིས་འཕུད་གཏོང་རྒྱུའི་བརྡ་ཁྱབ་བྱས་ཡོད། 
            སྤྱི་ལོ་2020ལོའི་ཟླ་12པར། ཀྲང་ཆིའི་ཡིས་ལྐོག་རྔན་བླངས་པའི་ནག་ཉེས་བསག་པས་ཚེ་བཙོན་གྱི་ཁྲིམས་ཆད་བཏང་བ་དང་། ཚེ་གང་གི་ཆབ་སྲིད་ཁེ་དབང་ཕྲོགས་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་བཏང་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།