དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སྤྱི་ལེ4205བརྒལ་བའི་ཁུག་མ་འདི་ནི་མི་སེམས་ལ་དྲོ་སྐྱིད་སྟེར་བའི་ཁུག་མ་ཞིག་རེད།

སྤེལ་དུས 2021-02-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། གཟའ་འཁོར་གཅིག་གི་ཡར་སྔོན་དུ།  བོད་རང་སྐྱོང་ལྗོངས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་ཡག་རའི་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་དམིགས་བསལ་གྱི་ལོ་གསར་ལེགས་སྐྱེས་ཤིག་སྟེ་ལག་བཟོས་སྐེ་དཀྲིས་བཅུ་གཉིས་ཡོད་པའི་ཁུག་མ་ཞིག་འབྱོར།  

མི་དམངས་ཉེན་རྟོག་པ་རྣམས་ཀྱིས་ཁུག་མའི་ནང་ནས་སྐེ་དཀྲིས་ལེན་བཞིན་པ།
          ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་མངགས་གཏོང་ཁང་ལ་དྲོ་སྐྱིད་ཀྱིས་ཁེངས་པའི་ཁུག་མ་འབྱོར་ཐེངས་གཉིས་པ་རེད། 2019ལོར་ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་དུ་སྡོད་པའི་ལོ་དགུ་ཅུར་སླེབས་པའི་ཀྲའོ་ཀྲུང་ཧྥུའུ་དང་གཅུང་པོ་ཤང་ཆུན་རྒན་རྒོན་གཉིས་ཀྱིས་བརྙན་འཕྲིན་ལས་ཡག་རའི་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་བརྟན་སྲུང་བྱེད་པ་མཐོང་རྗེས། རང་འགུལ་ངང་རང་ཉིད་ཀྱིས་བཟོས་པའི་སྐེ་དཀྲིས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་གྲང་འགོག་བྱ་རྒྱུར་བསྐུར་བ་དང་། མི་དམངས་ཉེན་རྟོག་པ་ཚོས་སྐེ་དཀྲིས་དེ་དག་དཀྲི་མ་ཕོད་པར་མངགས་གཏོང་ཁང་གི་གཟི་བརྗིད་མཚན་སྙན་ཁང་དུ་བཤམས་ཡོད།  

མངགས་གཏོང་ཁང་གི་གཟི་བརྗིད་མཚན་སྙན་ཁང་དུ་བཤམས་པའི་སྐེ་དཀྲིས། 
          ད་ལོའི་ལོ་གསར་སྐབས་རྒན་རྒོན་གཉིས་ཀྱིས་སླར་ཡང་བརྙན་འཕྲིན་དུ་མངགས་གཏོང་ཁང་གི་གནས་ཚུལ་གཏོང་བ་མཐོང་བ་དང་། ཁོ་གཉིས་པོས་རྟག་ཏུ་ཐག་རིང་བོད་ལྗོངས་ཡག་རའི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚོར་སེམས་ཁུར་བྱེད་བཞིན་ཡོད་ཅིང་། དེ་ནས་ཁོ་གཉིས་རང་ཉིད་ཀྱིས་དངོས་སུ་བཟོས་པའི་སྐེ་དཀྲིས་བཅུ་གཉིས་སླར་ཡང་མངགས་གཏོང་ཁང་ལ་བསྐུར་བ་རེད།  
          “སྐེ་དཀྲིས་འདི་དཀྲིས་རྗེས་ངས་ངའི་རྨོ་བོ་དྲན་བྱུང་། ང་རང་ཆུང་དུས་སུ་རྨོ་བོས་ང་འཁྱག་ཡོང་སྙམ་ནས་རྒྱུན་དུ་ང་ལ་སྐེ་དཀྲིས་བཟོ་བ་རེད”ཅེས་རི་འབུར་ལ་ས་ཚིགས་བརྟན་སྲུང་བྱེད་མཁན་གྱི་མི་དམངས་ཉེན་རྟོག་པ་ལིའུ་ཀོང་གིས་དེ་ལྟར་བཤད།  

དྲོ་སྐྱིད་སྤུས་རྟགས་ངོས་སུ་ཆེས་སྙིང་ཉེ་བའི་མི་ལ་གུས་བཀུར་ཞུ་ཞེས་བྲིས་ཡོད།  
  “རྒན་རྒོན་གཉིས་ཀྱིས་ང་ཚོར་ཁོ་ཚོ་རང་ཉིད་ཀྱིས་བཟོས་པའི་སྐེ་དཀྲིས་བསྐུར་བྱུང་ལ། ང་ཚོས་ཀྱང་ཁོ་ཚོར་སྨོན་འདུན་ཞུ་བཞིན་ཡོད”ཅེས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚོས་དེ་ལྟར་བཤད་ཅིང་། རྒན་རྒོན་གཉིས་ཀྱི་བསྐུར་བའི་ཁུག་མ་འབྱོར་རྗེས་ཁོ་ཚོས་ཀྱང་རྒན་རྒོན་གཉིས་ལ་སྨོན་འདུན་ཆ་ཡིག་ཅིག་བྲིས་ཡོད་པ་མ་ཟད། སྐད་འཕྲིན་བརྒྱུད་དེ་རྒན་རྒོན་གཉིས་ལ་ལོ་གསར་གྱི་རྟེན་འབྲེལ་ཞུས་པ་དང་། ཁོ་གཉིས་ཀྱིས་དུས་རྟག་ཏུ་མི་དམངས་ཉེན་རྟོག་པ་ཚོར་སེམས་ཁུར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། 

མི་དམངས་ཉེན་རྟོག་པས་རྒན་རྒོན་གཉིས་ལ་སྨོན་འདུན་ཞུ་བའི་ཆ་ཡིག་འབྲི་བ།  

ཡག་རའི་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རྒན་རྒོན་གཉིས་ཀྱིས་སྤྲད་པའི་སྐེ་དཀྲིས་དཀྲིས་ཡོད་པ། 
           ད་ལོའི་ལོ་གསར་སྐབས་སུ་མེས་རྒྱལ་གྱི་མཐའ་མཚམས་བརྟན་སྲུང་བྱེད་མཁན་ཁོ་ཚོ་གྲང་ངར་ལས་རྣམ་པར་རྒྱལ་ངེས་ཡིན།
རྩོམ་སྒྲིག་པ། བདེ་སྒྲོལ།