དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཨ་ཕ། ད་ལོར་ང་ཁྱོད་དང་མཉམ་དུ་གྲོང་ཚོ་ནས་ལོ་གསར་གཏོང་རྒྱུ་ཡིན།

སྤེལ་དུས 2021-03-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
          “ཨ་ཕ། ལོ་གསར་སླེབས་ལ་ཉེ། ཁྱོད་ག་དུས་ཡུལ་ལ་ལོག་རྒྱུ་ཡིན། ངས་ད་དུང་ཁྱོད་ཀྱིས་ང་ཁྲིད་ནས་རྩེད་རར་རྩེད་མོ་རྩེ་བར་འགྲོ་རྒྱུར་སྒུག་ཡོད།” 
          “གཅེས་ཕྲུག ཨ་ཕ་ད་ལོར་ལས་ཀ་ཡོད་པས་ཡུལ་ལ་ལོག་མི་ཐུབ། ཁྱོད་ཀྱིས་ཁྱིམ་ནས་ཨ་མའི་ཁ་ལ་ཉན་ནས་སྡོད་དང་། ཨ་ཕ་ངལ་གསོ་བྱུང་རྗེས་ཁྱོད་ཁྲིད་ནས་རྩེད་རར་རྩེ་རུ་འགྲོ།” 
          ལོ་གསར་སླེབས་ལ་ཉེ་བའི་སྐབས་སུ།  ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་ཡེ་འཕྲང་གྲོང་ཚོ་རུ་ཡོད་པའི་ཀྲུང་གོའི་ཧྭ་གློག་བོད་ལྗོངས་ཡན་ལག་ཀུང་སིའི་ཧྲུའུ་ཅི་དང་པོ་ལུའོ་ཐའེ་ཀུའེ་ལ་རྒྱུན་པར་ཁོང་གི་བུ་མོས་བརྙན་ལམ་ནས་ཁྱིམ་ལ་ག་དུས་ལོག་མིན་འདྲི་བ་རེད། ལོ་སྔོན་མའི་ལོ་གསར་སྐབས་ལུའོ་ཐའེ་ཀུའེ་ཝེ་འཕྲང་གྲོང་ཚོ་ནས་བསྡད་ཅིང་། མ་གཞིར་ད་ལོ་ཕ་ཡུལ་དུ་ལོ་གསར་གཏོང་བར་འགྲོ་རྩིས་ཡོད་མོད། བྱ་བའི་དགོས་དབང་གི་རྐྱེན་གྱིས་ཝེ་འཕྲང་གྲོང་ཚོར་སྡོད་དགོས་བྱུང་། ཨ་ཕ་ཁྱིམ་དུ་ལོ་གསར་ལ་ཡོང་མི་ཐུབ་པ་ཤེས་རྗེས། བུ་མོས་ཨུ་ཚུགས་བྱས་ནས་ཨ་མར་ཨ་ཕའི་ལས་ཀ་བྱེད་སར་སོང་ནས་ཨ་ཕ་དང་མཉམ་དུ་ལོ་གསར་གཏོང་རྒྱུ་བྱས་པ་རེད།
 
          ཟླ2པའི་ཚེས4ཉིན། ཆུང་མའི་ཁ་པར་འབྱོར་རྗེས་ལུའོ་ཐའེ་ཀུའེ་ཡིས་འཕྲལ་དུ་ཤང་གི་རྨང་བརྟན་གཞུང་དོན་ཁང་ལ་ཉིན་ཕྱེད་ཀྱི་དགོངས་པ་ཞུས་ཤིང་། གནམ་ཐང་དུ་ཆུང་མ་དང་བུ་མོ་བསུ་བར་སོང་། ལུའོ་ཐའེ་ཀུའེ་མཐོང་རྗེས་བུ་མོ་ཨ་ཕའི་པང་དུ་རྒྱུག་ནས་འཛུམ་དམུལ་དམུལ་ངང་བཤད་རྒྱུར།“ཨ་ཕ། ཁྱོད་ཁྱིམ་དུ་ལོ་གསར་གཏོང་བར་ཡོང་མི་ཐུབ་ན། ང་དང་ཨ་མ་གཉིས་ཁྱོད་ཀྱི་སར་ཡོང་ནས་ཁྱོད་དང་མཉམ་དུ་ལོ་གསར་གཏོང་རོགས་བྱེད། ཁྱོད་དགའ་འམ།”ཞེས་དྲིས། 
          བུ་མོའི་སྐད་ཐོས་རྗེས་ལུའོ་ཐའེ་ཀུའེ་ཡི་སེམས་ལ་གློ་བུར་དུ་སྐྱོ་སྣང་ཞིག་སྐྱེས་ལ། བུ་མོ་ལོ4ལ་སླེབས་མོད། ཁོ་རང་བུ་མོའི་འཚར་ལོངས་ཁྲོད་ཀྱི་དུས་སྐབས་གལ་ཆེན་མང་པོ་སྟེ་སྐྱེས་སྐར་ཐེངས་དང་པོ་རོལ་བ་དང་། ཆེས་ཐོག་མར་བུ་བཅོལ་ཁང་དུ་བསྐྱོད་པ། ཆེས་ཐོག་མར་ལེ་ཚན་འཁྲབ་སྟོན་བྱས་པ་སོགས་ཚང་མར་ཐོན་མ་ཐུབ་པ་རེད། ཆུང་མ་དང་བུ་མོའི་འཛུམ་མདངས་ལ་ལྟ་བཞིན། ལུའོ་ཐའེ་ཀུའེ་ཡི་སེམས་ནང་མི་བདེ་བའི་ཚོར་བ་དྲག་པོ་ཞིག་སྐྱེས་ལ། ད་ལོར་ངེས་པར་དུ་ཁྱིམ་མི་གསུམ་གྱིས་མཉམ་དུ་ལོ་གསར་ཡག་པོ་ཞིག་གཏོང་དགོས་སྙམ།  

          གནམ་གང་དགོང་མོར་ལུའོ་ཐའེ་ཀུའེ་ནི་ཁྱིམ་མི་དང་མཉམ་དུ་ལོ་གསར་དགོང་ཚོགས་ལ་ལྟ་བ་དང་ལོ་གསར་གྱི་ཟ་མར་རོལ་ཁོམ་མ་བྱུང་བར། བུ་མོ་རྒྱབ་ཏུ་ཁུར་ནས་རུ་མི་དང་གྲོང་ཚོའི་ལས་བྱེད་པ་དང་མཉམ་དུ་ཁྱིམ་ཚང་རེ་རེར་སོང་སྟེ། གྲོང་མིས་གློག་སྤྱོད་པ་དང་ཤོག་སྦག་འགད་པ་སོགས་ཀྱི་སྐབས་སུ་དོ་སྣང་བྱེད་དགོས་པའི་བདེ་འཇགས་སྐོར་གྱི་དོན་ཚན་དྲན་སྐུལ་བྱས་ཤིང་།  གྲོང་ཚོ་ཡོངས་ཀྱིས་བདེ་འཇགས་དང་ཞི་མཐུན་ངང་དཔྱིད་གསར་དུས་ཆེན་དང་བོད་ལུགས་ལོ་གསར་རོལ་ཐུབ་པར་འགན་ལེན་བྱས་པ་རེད། དེ་ལྟར་ཁྱིམ་ཚང་རེ་རེ་བཞིན་སྐོར་བ་བརྒྱབ་ཚར་རྗེས་བུ་མོ་ཁོའི་ཕྲག་པར་འཇུས་ནས་གཉིད་འདུག 
          ཉིན་དེ་གའི་རིང་ལ་བུ་མོས་རྒྱུན་པར་ཨ་ཕ་དང་འགྲོག་ནས་འདུག་ལ འོན་ཀྱང་ལུའོ་ཐའེ་ཀུའེ་ནི་ཉིན་རྟག་པར་ལས་ཀར་བྲེལ་བ་ཆེ་བས།  བུ་མོ་ཁྲིད་ནས་རོལ་རྩེད་ཐེངས་གཅིག་ཀྱང་རྩེ་མ་ཐུབ་ལ་གནའ་གཏམ་གཅིག་ཀྱང་བཤད་མ་ཐུབ། བུ་མོས་ཁོ་ལ།“ཨ་ཕ། ཁྱོད་ཀྱིས་ང་ལ་རྩེད་མོ་རྩེ་རོགས་བྱོས་དང་”ཞེས་བཤད། བུ་མོའི་སྐད་ཆ་རེ་རེས་ལུའོ་ཐའེ་ཀུའེ་ཡི་སེམས་ནང་ཚག་ཤད་སྐྱེས་སུ་བཅུག གྲོང་ཚོར་བཅའ་སྡོད་བྱས་ནས་ལོ་གཅིག་འགོར་བའི་རིང་ལ། བུ་མོ་དང་ཆུང་མར་སེམས་ཁུར་དང་བདག་སྐྱོང་བྱས་པ་ཧ་ཅང་ཉུང་ལ། མཉམ་དུ་སྡོད་རྒྱུ་ནི་དེ་བས་ཀྱང་ག་ལ་ཡོད།  མོ་མ་བུ་གཉིས་ལ་་ཧ་ཅང་མང་པོ་ཞིག་ཆད་ཡོད། དེ་ལྟར་དྲན་བཞིན་ཁོའི་མིག་ཀོང་རིམ་བཞིན་མཆི་མས་བརླན་པར་གྱུར། ཁོས་མགྲིན་པ་བརྣངས་ཞོར་བུ་མོ་ལ།“ཨ་ཕས་ད་ལོ་ཁོམ་པ་བཙལ་ནས་ཁྱོད་ལ་འདུག་རོགས་བྱ་མ་ཐུབ་པས། སང་ལོ་ངེས་པར་དུ་འདུག་རོགས་བྱ”ཞེས་བཤད། 

          ལོ་གསར་གཏོང་བ་ནི་ཁྱིམ་ཚང་སོ་སོའི་ཁྱིམ་མི་ཚང་མ་མཉམ་འཛོམས་བྱུང་བ་དང་དྲོ་སྐྱིད་ལྡན་པའི་དུས་སྐབས་ཤིག་ཡིན་མོད། འོན་ཀྱང་ལུའོ་ཐའེ་ཀུའེ་དང་འདྲ་བ་ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་བསམ་པ། རང་གི་ཁྱིམ་ཚང་བློས་བཏང་ནས་ཚང་མའི་ཆེད་དུ་འབད་པ་ནི་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་བྱེད་པ་ཁྲི་སྟོང་མང་པོའི་ཁྲོད་ཀྱི་མཚོན་བྱེད་ཙམ་ཡིན་ཞིང་། ཁོང་ཚོས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་བཏང་བ་སྟེ། གསོ་རླུང་མི་འདང་རུང་སྙིང་སྟོབས་མ་ཉམས་པ། དཀའ་སྡུག་ཆེ་རུང་དཀའ་ངལ་ལ་མི་སྐྲག་པ། ས་བབ་མཐོ་ཡང་མཐོང་རྒྱ་དེ་ལས་ཡངས་པ། དེ་ལྟར་ཁོང་ཚོས་གཞི་རིམ་དུ་རྐང་ཚུགས་ནས་སོ་སོའི་ས་ནས་བྱས་རྗེས་འཇོག་བཞིན་ཡོད་པ་རེད། 

          ཁོང་ཚོས་འདི་ལྟར་བརྟན་སྲུང་བྱས་པའི་སྟབས་ཀྱིས་ད་གཟོད་བདེ་འཇགས་ཀྱི་སྤྱི་ཚོགས་སྒྲིག་གཞི་ཞིག་བྱུང་ཞིང་། ཁོང་ཚོས་འདི་ལྟར་བརྟན་སྲུང་བྱས་པའི་རྐྱེན་གྱིས་ད་གཟོད་དགའ་སྤྲོའི་མཉམ་འཛོམས་བྱུང་བ་དང་། ཁོང་ཚོས་འདི་ལྟར་བརྟན་སྲུང་བྱས་པར་བརྟེན་ད་གཟོད་དུས་ཆེན་ཁྲོད་ཀྱི་ ཁྱིམ་ཚང་ཁྲི་སྟོང་མང་པོར་མཚར་སྡུག་གི་གློག་སྒྲོན་མཐོང་ཐུབ་པ་བྱུང་བ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།