དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཆེད་མཁས་ཀྱི་ལྟ་དཔྱད། བོད་ལྗོངས་ཀྱི“མཉམ་ལས་ཁང་གི་རྣམ་པ”ནི་དབུལ་ཕོངས་སེལ་བར་ནུས་ཤུགས་འདོན་བཞིན་པའི་རྒྱལ་ཁབ་དག་གིས་དོ་སྣང་དང་ཉམས་མྱོང་བསྡུ་ལེན་བྱེད་འོས།

སྤེལ་དུས 2021-03-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རང་བྱུང་ས་ཁམས་དང་སྤྱི་ཚོགས་ལོ་རྒྱུས་སོགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། བོད་རང་སྐྱོང་ལྗོངས་ནི་དེ་སྔོན་རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་ཆེས་དབུལ་བའི་ས་ཁུལ་གཅིག་པུར་ཆགས་ཡོད་ཅིང་། 2019ལོའི་ལོ་མཇུག་ཏུ། བོད་ལྗོངས་ཀྱི་དབུལ་ཕོངས་རྫོང74ཡིས་དབུལ་ཕོངས་ཞྭ་མོ་ཕུད་ཐུབ་པ་བྱུང་ལ། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་གྲངས་ཁྲི62.8དབུལ་སྒྲོལ་བྱུང་སྟེ། བོད་ལྗོངས་ཀྱིས་ལོ་རྒྱུས་རང་བཞིན་གྱིས་གཞི་རྩའི་དབུལ་ཕོངས་སེལ་ཐུབ་པར་གྱུར་ཡོད། འདི་ནི་ཀྲུང་གོའི་གུང་ཁྲན་ཏང་གི་དབུ་ཁྲིད་འོག་བོད་ལྗོངས་མི་དམངས་ཀྱིས་རླབས་ཆེ་བའི་ཁྱད་མཚར་གྲུབ་འབྲས་ཤིག་བསྐྲུན་པ་རེད།
       ཟླ3པའི་ཚེས9ཉིན་བསྡུས་པའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས46པའི“བོད་ལྗོངས་ཀྱི་དབུལ་བྲལ་འགག་སྒྲོལ་དང་རིག་གནས་སྲུང་སྐྱོབ”སྤྲིན་སྣེའི་ཚོགས་འདུའི་སྟེང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དེང་རབས་དཔལ་འབྱོར་ཞིབ་འཇུག་སའོ་ཡི་སའོ་ཀྲང་། ཞིབ་འཇུག་པ་བཀྲ་ལོས《མཉམ་ལས་ཁང་འཕེལ་རྒྱས་བཏང་སྟེ་ཡོང་འབབ་དམའ་བའི་མི་ཚོགས་དབུལ་སྒྲོལ་ལ་རོགས་རམ་བྱེད་པ་སྟེ། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་ཉམས་མྱོང》ཞེས་པ་བརྗོད་གཞིར་བཟུང་སྟེ། བརྟག་ཞིབ་གནས་ཚུལ་དང་འབྲེལ་ནས་བསམ་ཕྱོགས་བརྗེ་རེས་གནང་།
བཀྲ་ལོས་ཞིབ་འཇུག་བགྲོ་གླེང་ཚོགས་འདུའི་སྟེང་གཏམ་བཤད་གནང་བཞིན་པ།
       བཀྲ་ལོས། འདས་པའི་ལོ་ངོ8ཀྱི་རིང་། བོད་ལྗོངས་ཀྱིས་དབུལ་ཕོངས་ཉུང་དུ་གཏོང་པའི་བྱེད་ཕྱོགས་ནི་ངེས་ཤེས་བྱེད་ཐབས་སྟེང་དེ་སྔོན་དང་མི་མཚུངས་ལ། དེའི་མན་ངག་ནི་གནད་འཁེལ་གྱི་རྩ་དོན་ནན་གྱིས་བསྟན་པ་སྟེ། གནད་དུ་འཁེལ་པའི་ངང་དབུལ་ཕོངས་མི་གྲངས་ངོ་མ་དེ་དབྱེ་འབྱེད་བྱེད་པ་དང་རོགས་སྐྱོར་གྱི་འགན་འཁྲི་གཙོ་བོ་གསལ་པོར་བྱེད་པ་རེད། བརྟག་དཔྱད་ཞིབ་འཇུག་བྱས་པའི་རྨང་གཞིའི་སྟེང་དབུལ་ཕོངས་གྲོང་ཚོ་དང་དབུལ་ཕོངས་ཁྱིམ་ཚང་རེ་རེར་རང་ངོས་དང་འཚམས་པའི་དབུལ་ཕོངས་ཉུང་དུ་གཏོང་པའི་བྱེད་ཐབས་བཏོན་པ་མ་ཟད་རིམ་བཞིན་ལག་བསྟར་གནང་ཡོད་ཅེས་ངོ་སྤྲོད་གནང་བྱུང་།
       དབུལ་ཕོངས་ཇེ་ཉུང་དུ་གཏོང་པའི་བྱེད་ཕྱོགས་ཁྲོད་ཀྱི་འཚོལ་ཞིབ་དང་གསར་གཏོད་ལ་རྣམ་པ་ཅི་རིགས་ཡོད་ཅིང་། དེའི་ཁྲོད་ལེགས་འགྲུབ་བྱུང་པའི་ཉམས་མྱོང་ཁག་ཅིག་ནི་སྲིད་གཞུང་གི་སྲིད་ཇུས་ཐད་གཏིང་ཟབ་ཏུ་ཁྱབ་སྤེལ་གནང་ཞིང་། ཞིང་གྲོང་གི་མཉམ་ལས་ཁང་འཕེལ་རྒྱས་ཆེར་བསྐྱེད་བཏང་སྟེ། དབུལ་ཕོངས་ཁྱིམ་ཚང་ནི་མཉམ་ལས་ཁང་དུ་ཞུགས་ཏེ་ཡོང་འབབ་འཕར་བར་བྱས་ཡོད་ལ། དེ་ནི་དེའི་གྲས་ཀྱི་དཔེ་མཚོན་ཞིག་རེད།
       བཀྲ་ལོས།  ཁྱིམ་ཚང་དུ་ངལ་རྩོལ་ནུས་ཤུགས་ཞན་པ་དང་སློབ་གསོ་མྱོང་ཚད་དམའ་བ། ནུས་རྩལ་དམན་པ། གཟུགས་གཞི་ནད་ཀྱིས་མནར་པ། སྤྱི་ཚོགས་ཀྱི་འབྲེལ་བ་སྤུས་ལེགས་མེད་པ། གཞི་ཁྱོན་ཆུང་པའི་དགོས་མཁོ་སོགས་ཀྱི་འཚོ་བའི་གནས་ཚུལ་ལ་དམིགས་པ་ཡིན་ན། རང་ཁྱིམ་གྱི་ཞིང་སར་བརྟེན་ནའང་དབུལ་ཕོངས་ཁྱིམ་ཚང་ཁ་ཤས་ཀྱིས་འཚོ་བ་རྒྱུན་སྐྱོང་ཐུབ་ཀྱི་ཡོད་མོད། དེ་ལྟར་ནའང་ནུས་རྩལ་མཐོ་བའི་ངལ་རྩོལ་ནུས་ཤུགས་དང་ཚོང་རའི་ཁེ་གཉེར་སོགས་ཀྱི་ནུས་ཤུགས་ཞན་པའི་དབང་གིས་ཁོ་ཚོས་ཡོང་འབབ་ཉག་ཕྲ་བ་དང་། ཡུན་རིང་པོར་དབུལ་ཕོངས་ཀྱི་གནས་སུ་ལུས་ཡོད་ཅིང་། དབུལ་ཕོངས་ཁྱིམ་ཚང་རང་གི་འབད་པར་བརྟེན་པ་ཡིན་ན་དབུལ་ཕོངས་ལས་ཐར་ཁག་པོ་ཡོད་པས། ཁོ་ཚོས་ངེས་པར་དུ་གྲོང་ཚོ་རིམ་པའི་རྩ་འཛུགས་དང་གྲོང་ཚོའི་མི་སྣ་འཇོན་ནུས་ཅན་གྱི་རྒྱབ་སྐྱོར་ལ་བརྟེན་པ་ཡིན་ན་ད་གཟོད་དབུལ་ཕོངས་དམིགས་འབེན་མངོན་འགྱུར་བྱུང་ཐུབ་པར་འདོད།
       བོད་ལྗོངས་ཀྱིས་དབུལ་བྲལ་འགག་སྒྲོལ་ལས་དོན་ཁྲོད་དུ་ཞིང་འབྲོག་པའི་མཉམ་ལས་ཁང་གི་ཐད་དམིགས་འབེན་གཏད་དེ། ས་བབ་དང་མཐུན་པའི་སྒོ་ནས་འདེབས་འཛུགས་ལས་རིགས་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས། དངོས་ཟོག་སྐྱེལ་འདྲེན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་ལས་རིགས་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཆེད་ལས་མཉམ་ལས་ཁང་རྩ་འཛུགས་བྱས་ཏེ། མཉམ་ལས་ཁང་ཚད་ལྡན་སྒོས་འཕེལ་རྒྱས་གཏོང་པར་ཁྲིད་སྟོན་དང་རྒྱབ་སྐྱོར་གནང་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁྲིད་སྟོན་རོགས་སྐྱོར། སྒྲིག་ཆས་འཛུགས་བསྐྲུན། ཐོན་རྫས་སྐྱེ་སྤེལ། ཁྲོམ་ར་རྒྱ་སྐྱེད་དང་མིང་རྟགས་གསར་བསྐྲུན་སོགས་ཐད་ལས་ཀའི་ནུས་ཤུགས་བསྟུད་མར་ཆེ་རུ་བཏང་ཡོད་ལ། ཐོན་ཁུངས་ཕྱོགས་སྒྲིལ་བྱས་པ་བརྒྱུད། ཆེད་ལས་ཅན་གྱི་ཐོན་སྐྱེད་དང་གཞི་ཁྱོན་ཅན་གྱི་ལས་གཉེར་གནང་སྟེ་ཁྱིམ་ཚང་དབུལ་པོ་ཐོན་ལས་རྒྱུན་དང་རིན་ཐང་རྒྱུན་ཁྲོད་ནང་འདྲེན་བྱས་ནས་ཁེ་ཕན་ཐོབ་ཚད་ཇེ་མཐོར་བཏང་ཡོད་པ་རེད།
       བཀྲ་ལོ་ཡིས། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དུ་ཞུགས་པ་བརྒྱུད། དབུལ་ཕོངས་ཁྱིམ་ཚང་ནི་གཞན་བརྟེན་ངང་རོགས་སྐྱོར་ཐོབ་པ་ཙམ་མིན་པར། མཉམ་ལས་ངལ་རྩོལ་ནང་ཞུགས་པ་དང་རང་གི་ངལ་རྩོལ་ལ་བརྟེན་ནས་ཁེ་ཕན་ཐོབ་སྟེ་དབུལ་ཕོངས་ལས་ཐར་བར་བྱས་པས་ཁོ་ཚོ་དངོས་པོའི་ཐད་ནས་དབུལ་སྒྲོལ་བྱུང་ཡོད་པ་མ་ཟད་དེ་ལས་ཀྱང་འབྱུང་འགྱུར་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་པར་ཡིད་ཆེས་དང་སེམས་ཤུགས་སྤྲད་ཡོད་པར་འདོད།
       “ཞིང་འབྲོག་ཁུལ་དུ་མཉམ་ལས་ཁང་འཕེལ་རྒྱས་ཀྱིས་བོད་ལྗོངས་ཀྱི་དབུལ་ཕོངས་ཉུང་དུ་གཏོང་པའི་ལས་དོན་གྱི་དམིགས་བསལ་བྱས་རྗེས་དང་དེ་འབྲེལ་མངོན་འགྱུར་ཐབས་ལམ་ནི་གནད་འཁེལ་དབུལ་སྐྱོར་སྲིད་ཇུས་ཀྱི་གསར་གཏོད་ལག་ལེན་རེད། བོད་རང་སྐྱོང་ལྗོངས་ཀྱིས་དངོས་ཡོད་གནས་ཚུལ་ནས་འགོ་བརྩམས་ཏེ། ས་བབ་དང་མཐུན་ལ་རིམ་དགར་གྱིས་སྲིད་ཇུས་འདོན་པ། བར་ཁྱད་ཅན་གྱི་དབུལ་སྐྱོར། དབུལ་སྐྱོར་བྱ་ཡུལ་དང་ལས་གཞི་བཀོད་སྒྲིག   མ་དངུལ་བེད་སྤྱོད། བྱེད་ཐབས་ཁྱིམ་ཚང་དུ་བསྟར་པ། དབུལ་སྒྲོལ་གྲུབ་འབྲས་བཅས་གནད་འཁེལ་ལྔ་སྒྲུབ་ནས་གྲུབ་འབྲས་འབོར་ཆེན་བླངས་ཡོད”ཅེས་བཀྲ་ལོའི་སྙན་ཞུར་དཔྱད་འཇོག་གནང་སྐབས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལོ་རྒྱུས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་ཀྲང་ཡོན་གྱིས། བོད་ལྗོངས་ཀྱིས་མཉམ་ལས་ཁང་འཕེལ་རྒྱས་བཏང་པའི་ཉམས་མྱོང་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡོངས་དང་། ལྷག་པར་དུ་དབུལ་ཕོངས་སེལ་བར་ནུས་ཤུགས་འདོན་བཞིན་པའི་རྒྱལ་ཁབ་དག་གི་དོ་སྣང་དང་ཉམས་མྱོང་བསྡུ་ལེན་བྱེད་འོས་ཞེས་བཤད།