ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་ཏུ་སྐྲུན་ཅི་ལིན་ཨན་ཐུའུ་རུ་སྐྱོད།

སྤེལ་དུས 2024-02-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

        ཟླ་དང་པོའི་ཚེས27ཉིན། “མཐའ་མཚམས་མི་དམངས་དང་མཉམ་དུ་ལོ་གསར་གཏོང་བའི”སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་དུ་སྐྲུན་པའི་ཅི་ལིན·ཨན་ཐུའུ་ཡི་སྤྱི་ཕན་བྱེད་སྒོ་ཆེ་གྲས་སྤེལ་བ་རེད། གངས་འཁྱག་གི་ཁྲོད་དུ་པེ་ཅིང་ནས་ཡོང་བའི་སྨན་དོན་དང་བླངས་པ70ལྷག་ཙམ་གྱིས་ས་གནས་དེ་གའི་གྲོང་མི་དང་མཉམ་དུ་ཚ་ཚ་འུར་འུར་ངང་ལོ་གསར་གཏོང་བཞིན་མཆིས།

གྲོང་མིའི་ཞབས་བྲོ་རུ་ཁག་གིས་འཁྲབ་སྟོན་མ་བྱས་གོང་སྔོན་སྦྱོང་བྱེད་བཞིན་པ། 

       གྲོང་མིས་དྲག་རྩལ་འཁྲབ་སྟོན་བྱེད་པ། 

པེ་ཅིང་གི་སྨན་བཅོས་དང་བླངས་པས་ས་གནས་དེ་གའི་གྲོང་མི་དང་མཉམ་དུ་སྲོལ་རྒྱུན་གྱི་རོལ་རྩེད་རྩེ་བཞིན་པ། 

           མི་དམངས་ཉིན་རེའི་ཚགས་པར་གྱི་བདེ་ཐང་དུད་སྣེའི་གསར་འགོད་པ་ཆའོ་རུའེ་དང་ལུས་ལ་མེ་ཏོག་དམར་པོ་འཆིང་བའི་གྲོང་མིའི་དབར་ད་ལོའི་ཡོང་འབབ་ཀྱི་གནས་ཚུལ་གླེང་སྐབས། གྲོང་མི་ཚོ་བློ་ཡིད་ཚིམས་པའི་ངང་གད་མོ་ཤོར་བཞིན་ད་ལོ་ཡོང་འབབ་ཡག་པོ་བྱུང་ཞེས་བཤད་པ་རེད། 

    རྟས་གངས་གྲུ་འཐེན་པའི་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བཞིན་པ། 

          ཉེ་བའི་ལོ་ཤས་རིང་། “ཁྲང་པའེ་རི་བོའི་རྫོང་དང་པོ”ཞེས་པའི་མཚན་སྙན་ལྡན་པའི་ཅི་ལིན་ཞིང་ཆེན་ཨན་ཐུའུ་རྫོང་གིས་གངས་འཁྱགས་ནང་བསགས་ཉར་བྱས་པའི་དཔལ་འབྱོར་གྱི་རིན་ཐང་དང་། སྤྱི་ཚོགས་ཀྱི་རིན་ཐང་། སྐྱེ་ཁམས་ཀྱི་རིན་ཐང་། རིག་གནས་ཀྱི་རིན་ཐང་བཅས་མུ་མཐུད་སྔོག་འདོན་བྱས་ཏེ། གངས་འཁྱགས་ལུས་གསོ་འཕེལ་རྒྱས་བཏང་བ་དང་ཁྲང་པའེ་རི་བོའི་ས་ཁོངས་ཀྱི་ཐོན་ཁུངས་སྔོག་འདོན་བྱས་ནས“འཁྱག་སའི་ཐོན་ཁུངས”དེ“དར་རྒྱས་ཐོན་ལས”སུ་བསྒྱུར་ཏེ་བྱང་ཤར་དར་རྒྱས་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུར་ཕྱོགས་ཡོངས་ནས་རམ་འདེགས་བྱས་པ་རེད།

         ཐེངས་འདིའི་བྱེད་སྒོ་དེ་མི་དམངས་ཉིན་རེའི་ཚགས་པར་གྱི་བདེ་ཐང་དུད་སྣེ་དང་། ཅི་ལིན་ཨན་ཐུའུ་རྫོང་མི་དམངས་སྲིད་གཞུང་། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཡར་ཐོན་མཐུན་ཚོགས། པེ་ཅིང་སེམས་མཐུན་མཉམ་གཏོད་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་ཀྲུང་གོ་སྐྱོན་བྲལ་གྲོང་གསེབ་ཡག་པོ་སྒྲིག་འཛུགས་ཨུ་ལྷན་གྱིས་གཉེར་འགན་འཁུར་བ་ཞིག་རེད།

 

རྩོམ་སྒྲིག་པ། མང་ག་མཚོ།