ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝང་ཅུན་ཀྲེང་གིས་ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེ་གཙུག་ལག་ཁང་དུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

སྤེལ་དུས 2024-02-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་ཝང་ཅུན་ཀྲེང་གིས་ལྷ་ལྡན་གཙུག་ལག་ཁང་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་གཞི་རིམ་མངགས་གཏོང་ཁང་གི་ཆ་འཕྲིན་ཅན་གྱི་ལས་སྟེགས་འཁོར་སྐྱོད་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།
འདི་ནི་ཝང་ཅུན་ཀྲེང་གིས་ཁྲོམ་གཞུང་བརྒྱུད་ཀྱི་ཚོང་དུད་ལ་འཚམས་འདྲི་གནང་ནས་ཚོང་པ་དང་ཉོ་མཁན་མང་ཚོགས་ལ་ཚོང་ཟོག་གི་རིན་གོང་དང་ཁྲོམ་རའི་དགོས་མཁོ་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བཞིན་པ།
        ཟླ་1ཚེས་31ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེ་གཙུག་ལག་ཁང་དུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་ནས་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་། མེ་གསོད་བཀོད་འཐབ་པ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་བཅས་ལ་འཚམས་འདྲི་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་བློ་མཐུན་ཚོས་དཀའ་སྤྱད་ལས་སྒྲུབ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་རྒྱུན་སྲིང་ལྷོད་མེད་ངང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་དོན་འཁྱོལ་ཞིབ་ཚགས་དང་། ཉེན་བརྡ་རྒྱུན་གཏོང་དང་རྒྱུན་དུ་དོགས་ཟོན་རྒྱུན་འཁྱོངས། རང་འགན་ནན་སྒྲུབ་དང་རང་འགན་གཙང་སྒྲུབ་བཅས་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཀྲ་ཤིས་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་རྒྱུ་ཡོང་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་སྔ་ནུབ་ཏུ། ལྗོངས་ཡོངས་ཀྱི་སྤྱི་བདེ་དང་མེ་ཟོན་ཁོངས་གཏོགས་ཀྱིས་ལས་རེས་གྲ་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་བཞིན་ཡོད། གཙུག་ལག་ཁང་གི་ཤིང་ར་སྒོ་རའི་ནང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་། སྤྱི་བདེའི་མི་དམངས་ཉེན་རྟོག་པ། མེ་གསོད་བཀོད་འཐབ་པ་བཅས་སྙིང་སྟོབས་ཆེར་སྐྱེད་ཀྱིས་རུ་སྟར་བསྒྲིགས་ནས་ཡོད་ཅིང་། ཝང་ཅུན་ཀྲེང་གིས་ཚང་མར་བྱམས་བརྩེའི་ངང་ཕྱག་བཏང་བ་དང་དུས་ཆེན་གྱི་འཚམས་འདྲི་གནང་བ་རེད།
        ར་མོ་ཆེ་གཙུག་ལག་ཁང་གི་སྒོ་ར་དང་རྟེན་གཙོ་ཁང་དུ་ཝང་ཅུན་ཀྲེང་གིས་དགོན་སྡེར་བཅའ་སྡོད་ལས་དོན་དང་མེ་ཟོན་བདེ་འཇགས་ཀྱི་བྱ་ཐབས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་། དོ་དམ་དང་ཞབས་ཞུ་མཉམ་འདྲེས། ཁྲིད་སྟོན་དང་། ཞབས་ཞུ། དོ་དམ་སོགས་ཀྱི་ལས་དོན་ཏན་ཏིག་དང་ཞིབ་ཚགས་སྒྲུབ་པ་བཅས་བྱས་ནས། དགོན་སྡེའི་རྒྱུན་གཏན་གྱི་སྒྲིག་ལམ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་དགོས། ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེ་གཙུག་ལག་ཁང་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཞིག་ཡིན་པས་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་ཧ་ཅང་ལྕི་པོ་ཡོད། དེས་ན་དགོན་སྡེའི་མེ་ཟོན་དང་རིག་དངོས་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རིག་ལྡན་མེ་ཟོན་འཛུགས་སྐྲུན་གང་མགྱོགས་བྱས་ཏེ། རིག་དངོས་སྲུང་སྐྱོབ་དང་མེ་ཟོན་བདེ་འཇགས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།
        བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས“དུས་ཆེན་གཉིས”རིང་གི་བདེ་འཇགས་བརྟན་ལྷིང་ལས་དོན་རང་འགུལ་ངང་ཡག་པོ་བསྒྲུབས་ནས་ལྷོད་གཡེང་གི་བསམ་བློ་དང་། དམག་འཐབ་ལ་སུན་སྣང་སྐྱེ་བ། སྟེས་དབང་གི་བསམ་པ། ལྷོད་གཡེང་གི་བསམ་པ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས། དམག་འཐབ་བྱེད་པའི་སྤྱོད་ཚུལ་བཟང་པོ་རྒྱུན་མཐུད་དར་སྤེལ་བཏང་སྟེ། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས། འབྱུང་རྩ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་གནས་ཚུལ་སྔོན་བརྡ་དང་འཕྲལ་སྡོམ་ཐག་གཅོད་སོགས་ལས་ཀའི་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་པ་དང་། འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་དམིགས་བསལ་ཚོགས་སྤྱིར་སེམས་ཁུར་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་བདེ་འཇགས་ལ་ཁྱོན་ཡོངས་ནས་སྔོན་འགོག་ཚོད་འཛིན་བཅས་བྱས་ཐོག་དུས་དང་རྣམ་པ་ཀུན་ཏུ་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་བཅངས་ནས་དུས་ཀུན་ཏུ་ལས་དོན་ཁག་གཞི་རིམ་དུ་ཡག་པོ་བསྒྲུབས་ཏེ། འགལ་ཟླ་དང་རྩོད་གཞི་དག་གཞི་རིམ་དུ་འདུམ་སྒྲིག་དང་ཐོན་མ་ཐག་ནས་སེལ་དགོས། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དགོན་སྡེ་དོ་དམ་ཚད་ལྡན་ཅན་དང་། ཞིབ་ཚགས་ཅན། ལམ་ལུགས་ཅན་བཅས་ལ་སྐུལ་སྤེལ་ཧུར་ཐག་གཏོང་བ། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་སྔར་བས་ཡག་པོ་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གནད་དོན་མཉམ་བཅོས་དང་། ལས་དོན་མཉམ་འགུལ། དུས་བདེ་མཉམ་གཏོད་བཅས་ཀྱི་ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། དྲ་མིག་ཅན་གྱི་དོ་དམ་ཞབས་ཞུ་ལེགས་སུ་གཏོང་བ། རྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་གཏད་གཅོག་པའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས། གཞི་རིམ་བཅོས་སྐྱོང་གི་རང་འགུལ་དབང་ཆར་སྟངས་འཛིན་ཡག་པོ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ལམ་ཕྱོགས་ལ་ཡག་པོ་བསྐྱོད་རྒྱུ་མཐའ་འཁྱོངས་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དོ་ཁུར། ལས་དོན་སྒྲུབ་ཐབས་ལེགས་སུ་གཏོང་བ། མང་ཚོགས་ཀྱི་ལས་དོན་སེམས་ནུས་ཡོད་རྒུས་ཡག་པོ་སྒྲུབ་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས།
         བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། རྒྱལ་མཚན། ཐང་མིང་དབྱིང་། ཀྲང་ཧུང་པོ། མོང་ཞའོ་ལིན་བཅས་ཞུགས་ཡོད།